རྩོམ་པ་པོ།   དུས་ཚོད།   2021-02-21   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།
ཕྱིར་ལོག་སྐབས་མྱུར་བགྲོད་ལྕགས་ལམ་དང་གནམ་གྲུ། ས་འོག་ལྕགས་ལམ། རྒྱང་སྐྱོད་རླངས་འཁོར་སོགས་འགྲིམ་འགྲུལ་ཡོ་བྱད་ལ་སྡོད་སྐབས་ངེས་པར་དུ་བརྒྱུད་རིམ་ཧྲིལ་པོར་ཁ་རས་བརྒྱབས་ནས་དགོས་ངེས་མིན་པའི་གླེང་མོལ་མི་ཡོང་བ་བྱེད་དགོས་པ་དང་། ལམ་བར་དུ་ལག་པ་ཡང་ཡང་བཀྲུས་ནས་ག་དུས་ཡིན་ནའང་ལག་པ་གཙང་མ་བྱས་ཏེ་འགྲིམ་འགྲུལ་ཡོ་བྱད་ནང་གི་སྤྱི་པའི་དངོས་རྫས་དང་གནས་ས་ཉུང་དུ་གཏོང་དགོས།
མི་དང་མིའི་དབར་གྱི་བར་ཐག་རྒྱུན་འཁྱོངས་བྱས་ནས་ལམ་བར་བདེ་ཐང་ལྟ་ཞིབ་ཚད་ལེན་ཡག་པོ་བྱས་ཏེ་འཛིན་ཤོག་ཆ་འཕྲིན་ཉར་ཚགས་ཡག་པོ་བྱས་ནས་འབྲེལ་ཡོད་འབྲེལ་གཏུག་དམ་ཟབ་བྱེད་མཁན་ལ་བརྟག་དཔྱད་བྱ་རྒྱུར་གཞོགས་འདེགས་བྱེད་དགོས།
གཞན་ཡང་སྤྱི་སྤྱོད་རླངས་འཁོར་དང་གླ་གཏོང་རླངས་འཁོར། དྲ་ཐོག་རླངས་འཁོར་བཅས་སུ་སྡོད་སྐབས་ཁ་རས་ཡག་པོ་བརྒྱབས་ནས་སྐད་ཆ་ཤོད་རེས་མི་བྱེད་པ་དང་ལག་སྟེགས་ལ་རེག་པ་དང་རྒྱབ་སྤྲོད་བྱེད་པ་སོགས་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། བོགས་གཏོང་རླངས་འཁོར་དང་དྲ་ཐོག་རླངས་འཁོར་ལ་བསྡད་ན་རླུང་རྒྱུག་རྒྱུར་དོ་སྣང་བྱེད་དགོས་པ་དང་། འཛིན་ཤོག་གི་ཆ་འཕྲིན་ཉར་འཇོག་བྱེད་དགོས།
ལས་ཀར་སོང་རྗེས་གཞུང་དོན་སྒྲུབ་ཡུལ་དུ་གློག་སྐས་དང་ཡང་ན་མི་སྣ་འདུ་འཛོམས་མང་བའི་ཁུལ་དུ་བསྐྱོད་སྐབས་ཁ་རས་རྒྱག་དགོས།
རླུང་རྒྱུ་དང་དབུགས་བརྗེ་བར་ཤུགས་སྣོན་རྒྱག་པ་དང་། སྤྱི་བའི་ས་ཁོངས་དང་ལས་སྒྲུབ་ས་ཁོངས་ཀྱི་ཁོར་ཡུག་གཙང་མ་ཡོང་བར་བྱ་དགོས།
བསྐྱར་དཔར་འཕྲུལ་ཆས་དང་ཁ་པར་སོགས་སྤྱི་སྤྱོད་ལས་སྒྲུབ་སྒྲིག་ཆས་ལ་དུས་བཀག་ལྟར་དུག་སེལ་གཙང་དག་བྱ་དགོས།
ཚོགས་འདུའི་གཞི་ཁྱོན་ཆུང་དུ་གཏོང་བ་དང་ཚོགས་འདུའི་རིང་སྒེའུ་ཁུང་ཕྱེས་ནས་རླུང་རྒྱུག་ཐུབ་པ་བྱེད་དགོས།
གལ་ཏེ་ཚ་རྒྱག་པ་དང་གློ་ལུ་རྒྱག་པ་སོགས་ཀྱི་ནད་རྟགས་བྱུང་ན་མྱུར་དུ་སྨན་པར་སྟོན་དགོས།
སློབ་མས་སློབ་གྲྭའི་ཕྱོགས་ཀྱི་རེ་བ་ལྟར་བདེ་ཐང་ལ་ལྟ་རྟོག་བྱེད་དགོས། ཚ་རྒྱག་པ་སོགས་ཀྱི་ནད་རྟགས་བྱུང་ན་དུས་ལྟར་སྨན་པར་སྟོན་དགོས།
སློབ་ཁང་དང་ཉལ་ཁང་སོགས་སུ་རླུང་རྒྱུག་དུག་སེལ་ལེགས་པོ་བྱ་དགོས།
ཁ་རས་བརྒྱབས་ནས་ལག་པ་བཀྲུས་ཏེ་མིག་དང་ཁ་སྣ་བཅས་ལ་ལག་པ་བཙོག་པས་མི་རེག་པ་བྱ་དགོས།
ཁྱིམ་བདག་གིས་བྱིས་པ་སྐྱེལ་བསུ་བྱེད་སྐབས་འདུ་འཛོམས་མི་ཡོང་བ་བྱེད་དགོས།
སྨན་པ་བསྟེན་མཁན་གྱིས་སྨན་པ་བསྟེན་པའི་བརྒྱུད་རིམ་ལ་སྔོན་ནས་རྒྱུས་ལོན་བྱས་ཏེ། སྨན་བཅོས་སྡེ་ཁག་ཏུ་འདུག་པའི་དུས་ཚོད་ཇེ་ཐུང་དུ་གཏོང་དགོས།
སྨན་བཅོས་སྡེ་ཁག་ཏུ་ཕྱིན་ནས་གཟུགས་པོའི་དྲོད་ཚད་འཇལ་བ་དང་། རང་འགུལ་ངང་བདེ་ཐང་གི་ཨང་རྟགས་སྟོན་དགོས་པར་མ་ཟད། བརྒྱུད་རིམ་ཧྲིལ་པོར་ཁ་བཏུམ་རྒྱག་དགོས།
ལག་པ་བཀྲུ་བའམ་ཡང་ན་དུག་སེལ་རྫས་ཀྱིས་ལག་པར་གཙང་སྦྲ་བྱས་རྗེས། ལག་པ་བཙོག་པས་མིག་དང་ཁ་སྣ་བཅས་ལ་རེག་མི་རུང་།
རྩོམ་སྒྲིག་པ། ཚེ་པེ།