ཁོ་ཚོའི་ལས་གནས་བརྟན་སྲུང་གི་བཀའ་དྲིན་ལས་ང་ཚོའི་དགོད་སྒྲ་བྱུང་།

རྩོམ་པ་པོ།   དུས་ཚོད།   2021-02-21   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         ཀྲུང་གོ་བའི་དཔྱིད་གསར་དུས་ཆེན་ནི་ཁྱིམ་ཚང་མཉམ་འཛོམས་ཀྱི་དུས་ཆེན་ཞིག་ཡིན་མོད། འོན་ཀྱང་ལས་གནས་ཁྱིམ་ཚང་དུ་བརྩི་མཁན་ཚོའི་ངོས་ནས་བརྗོད་ན་ལས་གནས་བརྟན་སྲུང་གི་ཉམས་འགྱུར་ནི་དཔྱིད་གསར་དུས་ཆེན་ལ་ང་ཚོར་ཕུལ་བའི་ལེགས་སྐྱེས་ཡག་ཤོས་དེ་རེད།

        གུང་གསེང་རིང་སྤྲོ་སྣང་དང་འཆམ་མཐུན་འགན་ལེན་བྱ་ཆེད། མི་མང་པོ་ཞིག་གིས་ནང་མི་མཉམ་འཛོམས་ཀྱི་གོ་སྐབས་དོར་ནས་ལས་གནས་བརྟན་སྲུང་བྱས། ཁོ་ཚོ་ཤར་ནས་ནུབ་ལ་བྲེལ་ནས་བདེ་འཇགས་ལ་སྲུང་སྐྱོབ་བྱས། ཁོང་ཚོ་ཡོད་པས་བློ་བདེ་ལ་དྲོ་སྐྱིད་ལྡན་པའི་བདེ་སྐྱིད་ཀྱི་ལོ་དེ་ཡོད་པ་རེད། 

        ཟླ་2ཚེས་15ཉིན་གྱི་དགོང་མོར། ལྗོངས་སྐོར་བ་ཞིག་སྟབས་མ་ལེགས་པར་ས་བབ་མཐོ་ཚད་སྨི་4300ཡས་མས་ཀྱི་སྐུ་བླ་རི་བོའི་མཛེས་ལྗོངས་ཁུལ་དུ་ལུས། 

        མཛེས་ལྗོངས་ཁུལ་གྱི་རོགས་སྐྱོབ་རུ་ཁག་དང་ནགས་ཚལ་མེ་འགོག་གིས་མགྱོགས་མྱུར་ངང་རི་ཁུལ་གྱི་རོགས་སྐྱོབ་སྒྲིག་ཆས་འཁྱེར་ནས་ལས་འཛོལ་ཐོན་ཡུལ་དུ་བསྐྱོད་པ་དང་། རྨས་མའི་གཟུགས་པོར་བརྟག་དཔྱད་དང་སྟབས་བདེའི་ཚ་དྲོད་གསབ་རྗེས་བཀོད་འཐབ་པ་བརྒྱད་ཀྱིས་འཕྲལ་མར་འགྱོགས་ཁྲིའི་ཐོག་ནས་རི་གཤམ་དུ་སྐྱེལ་བ་དང་། ཆུ་ཚོད་3རིང་བྲེལ་མྱུར་གྱིས་གནས་སྤོར་བྱས་པ་བརྒྱུད་ཚེས་16ཉིན་གྱི་སྔ་དྲོར་བདེ་བླག་ངང་རི་འོག་གི་བདེ་འཇགས་ཁུལ་དུ་བསྐྱལ་བ་དང་འབྲེལ་120ལ་རྩིས་སྤྲད། 

          དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་ཏ་ཁོག་འཁྱགས་རོམ་མཛེས་ལྗོངས་ཁུལ་གྱིས་ལྗོངས་སྐོར་སྲིད་ཇུས་ལག་ལེན་ནན་པོར་བསྟར་ནས། མཛེས་ལྗོངས་ཁུལ་གྱི་ལྗོངས་སྐོར་སྣེ་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོར་བསྒྲུབས་ཏེ་ལྗོངས་སྐོར་བས་སྤྲོ་སྣང་དང་། འཆམ་མཐུན། བདེ་འཇགས་བཅས་ཀྱི་དུས་ཆེན་རོལ་ཐུབ་པར་འགན་ལེན་བྱས།

        ལོ་སར་ཚེས་3ཉིན། གསར་འགོད་པ་རྔ་བ་རྫོང་མི་དམངས་སྨན་ཁང་དུ་སྐྱོད་སྐབས། ལས་ཞུགས་དངོས་སུ་ལས་རེས་སྨན་དོན་མི་སྣ་འབོར་ཆེན་ཞིག་གིས་ལས་གནས་བརྟན་སྲུང་བྱས་ཏེ་རང་རང་གི་བྱ་བའི་ལས་ལ་བྲེལ་བཞིན་ཡོད། སྨན་ཁང་གི་སྒོ་འགྲམ་དུ་སྨན་ཁང་གི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བ་བརྒྱུད་ནད་པར་སྨན་བཅོས་བྱེད་པའི་ཁོར་ཡུག་བདེ་འཇགས་འགན་ལེན་བྱེད་པ་མཐོང་།

       ལོ་སར་གྱི་ཚེས་5ཉིན། ལིས་རྫོང་གི་ས་ཁུལ་ཁག་གཅིག་གི་ལམ་ངོས་སུ་གངས་འཁྱགས་ཀྱིས་ཁེངས། གློ་བུར་དུ་ཐོན་པའི་གངས་འཁྱགས་ལ་ཁ་གཏད་བཅག་ནས་དཔྱིད་གསར་དུས་ཆེན་རིང་གི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་འགན་ལེན་བྱ་ཆེད། ལིས་རྫོང་གིས་གནམ་གཤིས་ངན་པའི་ཁ་གཏད་གཅོག་རྒྱུའི་འཕྲལ་སྡོམ་སྔོན་ཇུས་འཕྲལ་མར་ལག་བསྟར་བྱས་པ་དང་། སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་ལས་རེས་པ་ཚང་མས་གཞུང་ལམ་ཐོག་ལས་སྒྲུབ་བྱས་ནས་ནུས་ཤུགས་ཡོད་རྒུས་གངས་འཁྱགས་ཀྱི་ལམ་བུའི་འགྲིམ་འགྲུལ་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱས།

        དཔྱིད་གསར་དུས་ཆེན་རིང་ཆུ་ཆེན་གྱི་འགྲིམ་འགྲུལ་ཉེན་རྟོག་པས་རྫོང་ཡོངས་ཀྱི་གཞུང་ལམ་འགྲིམ་འགྲུལ་སྒྲིག་ལམ་ལ་གཅིག་སྡུད་ཐོག་བཅོས་སྒྲིག་ཆེན་པོ་བྱེད་པའི་བྱ་སྤྱོད་མུ་མཐུད་སྤེལ། ཁ་ལོ་བས་ཆང་བཏུངས་ནས་རླངས་འཁོར་གཏོང་བ་དང་། འཕྲུལ་སྒུལ་འཁོར་རིགས་སྒྲིག་འགལ་ངང་འཇོག་པ། ཚད་ལས་བརྒལ་ནས་གཏོང་བ། སྒྲིག་འགལ་ངང་མི་སྡོད་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་གཙོ་གནད་ཐོག་རྡུང་རྡེག་གཏོང་བ་དང་དཔྱིད་གསར་དུས་ཆེན་རིང་རྫོང་ཡོངས་ཀྱི་འགྲོ་ལམ་བདེ་འཇགས་དང་གོ་རིམ་ལྡན་པ། འཆམ་མཐུན་བཅས་ཀྱི་སྒོ་ནས་ཤར་གཏོང་ཐུབ་པ་བྱས།

རྩོམ་སྒྲིག་པ།  ཚེ་པེ།