མེ་སྐྱོན་སྔོན་བརྡ།

རྩོམ་པ་པོ།   དུས་ཚོད།   2021-02-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  ཟླ་2ཚེས་19ཉིན། རྔ་བ་ཁུལ་ནགས་ཚལ་དང་རྩྭ་ཐང་མེ་གསོད་བཀོད་འདོམས་པུའུ་གཞུང་སྒྲུབ་ཁང་གིས་རྔ་བ་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཟོན་སྔོན་བརྡ་བཏང་བ་སྟེ། སྔོན་དཔག་བྱས་ན། ཟླ་2ཚེས་19ཉིན་གྱི་ཆུ་ཚོད་20ནས་ཟླ་2ཚེས་20ཉིན་གྱི་ཆུ་ཚོད་20བར། འབར་ཁམས་གྲོང་ཁྱེར་དང་ཆུ་ཆེན་རྫོང་། རྔ་བ་རྫོང་། འཛམ་ཐང་རྫོང་བཅས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གནམ་གཤིས་རིམ་པ་ཚད་རིམ་གསུམ་ལ་སླེབས་ཡོད་པ་དང་། ཟླ་2ཚེས་20ཉིན་གྱི་ཆུ་ཚོད་20ནས་ཟླ་2ཚེས་22ཉིན་གྱི་ཆུ་ཚོད་20ཡི་བར་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་གནམ་གཤིས་རིམ་པ་ཚད་རིམ་གསུམ་ལ་སླེབས་ཡོད 

        གསལ་འདེབས།

        ཞིང་ཆེན་ནགས་ཚལ་ཐན་འགོག་བཀོད་འདོམས་པུའུ་ཡི་ཡིག་ཆ་ཨང་9བའི་བླང་བྱ་ལྟར་རྫོང(གྲོང་ཁྱེར)དང་འབྲེལ་བ་ཡོད་ཚེ་རིམ་པ་དེ་གའི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཟོན་སྔོན་བརྡ་དུས་ཐོག་ཏུ་གཏོང་དགོས་པ་དང་། ཁུལ་དབྱེ་ནས་རིམ་དབྱེའི་གནད་སྨིན་སྔོན་འགོག་ཚོད་འཛིན་བྱ་ཐབས་སྤྱོད་དགོས། 

རྩོམ་སྒྲིག་པ།  ཚེ་པེ།