ལིའུ་ཕིང་གིས་ལོ་སར་སྐབས་སུ་ལས་བྱེད་མང་ཚོགས་ལ་འཚམས་འདྲི་མཛད།

རྩོམ་པ་པོ།   དུས་ཚོད།   2021-02-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། གནམ་ལོ་གསར་བའི་དུས་བཟང་དང་འགྲོགས་ནས། རྔ་བ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་རྔ་བ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་དེ། རང་ཁུལ་གྱི་ས་ཆ་མང་པོར་ཕེབས་ནས་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་དང་མི་དམངས་མང་ཚོགས་ལ་ལོ་སར་གྱི་འཚམས་འདྲི་ཞུས།


        ལས་གནས་སུ་ལས་ཞུགས་བྱེད་བཞིན་པའི་མི་སྣ་ལ་ལོ་སར་སྐབས་སུ་མང་ཚོགས་ཀྱི་འཐུང་ཆུའི་བདེ་འཇགས་ལ་ཁག་ཐེག་བྱེད་པ་དང་། མེ་འགོག་མེ་གསོད་ཀྱི་ལས་དོན་ལ་ཤུགས་བསྣན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས། སྐྱེ་ཁམས་བདེ་འཇགས། སྤྱི་ཚོགས་བདེ་འཇགས་བརྟན་བརླིང་གི་བྱ་བར་ཤུགས་སྣོན་དགོས་པར་ནན་གསུང་མཛད་པ་དང་།  

         ལས་གནས་སུ་རང་གི་འགན་འཁྲི་དོན་འཁྱོལ་བྱེད་པར་འབད་པ་བྱེད་པའི་ལས་བྱེད་རྣམས་ལ་བསྟོད་བསྔགས་གནངས།   

རྩོམ་སྒྲིག་པ།  ཚེ་པེ།