བོད་ལྕགས་མོ་གླང་ལོའི་གནམ་ལོ་གསར་བ་བསུ།

བོད་ལྕགས་མོ་གླང་ལོའི་གནམ་ལོ་གསར་བ་བསུ།

རྩོམ་པ་པོ།   དུས་ཚོད།   2021-02-12   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           ངེད་རྔ་བའི་ཉིན་རེའི་གསར་འགྱུར་ཁང་གི་བོད་ཡིག་སྨྱན་སྦྱོར་ཀུན་འདུས་ཀྱི་ལས་མི་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་དང་། རྒྱལ་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་མང་ཚོགས་ལ་གནམ་ལོ་གསར་བར་རྟེན་འབྲེལ་ཞུ། 

མི་འདོད་ནད་ཡམས་མཆེད་ནས་ལོ་གཅིག་འགོར།།

ཐུན་མོང་བར་ཆད་བསལ་ནས་ལོ་གཅིག་འགོར།།

ད་ནི་སུམ་བརྒྱ་དྲུག་ཅུའི་གེགས་བཟློགས་ནས།།

བསྐལ་བཟང་གླང་ལོ་གསར་བ་འཛུམ་གྱིས་བསུ།།

གྲོ་མར་ཕྱེ་དང་ལོ་ཆང་ཁམ་པ་དང་།།

བུ་རམ་ཐུད་དང་ཤེལ་དཀར་རྟ་སོ་མ།།

རྩམ་ཐུག་ཇ་དང་ཁ་ཟས་བྱེ་བྲག་སོགས།།

སྣ་ཚོགས་སྡེར་བརྒྱ་འཛོམས་པའི་ལོ་སར་བསུ།།

རྒན་པ་ཚེ་ཐག་རིང་བའི་བཀྲ་ཤིས་ཤོག།

གཞོན་པ་གཉོམ་ལག་རྒྱས་པའི་བཀྲ་ཤིས་ཤོག།

མི་ནོར་ལོངས་སྤྱོད་འཛོམས་པའི་བཀྲ་ཤིས་ཤོག།

རྒྱལ་ཁམས་བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག།

         གནམ་ལོ་གསར་བའི་ནང་ཁྱེད་རྣམས་ཀྱི་སྐུ་གཟུགས་གསལ་ཐང་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་བ་དང་ཆབས་ཅིག སྔར་བཞིན་ངེད་རྔ་བའི་ཉིན་རེའི་གསར་འགྱུར་ཁང་གི་བོད་ཡིག་ཚགས་པར་དང་དྲ་བ། ཁ་པར་གསར་འགྱུར། སྔ་སྒྲའི་འཕྲིན་སྟེགས་ལ་རྒྱབ་སྐྱོར་དང་དོ་ཁུར་གནང་རོགས་ཞུ་ཞུ།།

རྩོམ་སྒྲིག་པ།  ཚེ་པེ།