ཧུང་ཡོན་རྫོང་གིས་གློག་གཏོང་མེ་སྐྱོན་རིམ་བཤེར་ཚོགས་འདུ་འཚོགས།

རྩོམ་པ་པོ།   དུས་ཚོད།   2021-02-09   རྩོམ་ཁུངས།    རྔ་བའི་གསར་་འགྱུར་དྲ་བ།

        རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། ཧུང་ཡོན་རྫོང་གིས་ནགས་ཚལ་དང་འབྲོག་ཁུལ་གྱི་གློག་གཏོང་སྒྲིག་ཆས་ཀྱི་མངོན་མེད་ཉེན་ཁར་རིམ་བཤེར་བཅོས་སྒྲིག་བྱེད་པའི་ལས་དོན་ཚོགས་འདུ་འཚོགས།     ཚོགས་འདུའི་ཐོག་ཞིང་ཆེན་དང་ཁུལ་གློག་གཏོང་སྒྲིག་ཆས་ཀྱི་མངོན་མེད་ཉེན་ཁར་རིམ་བཤེར་བཅོས་སྒྲིག་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་། ལོ་སར་ལ་རན་པས་ཡུལ་ལ་ལོག་མཁན་གྱི་མི་སྣ་མང་དུ་སོང་བ་དང་། གློག་སྤྱོད་ཚད་ཀྱང་མང་དུ་ཕྱིན་ཡོད་པས། གློག་སྐྱེལ་གློག་བགོས་སྒྲིག་ཆས་ཀྱི་མེ་སྐྱོན་འབྱུང་རྐྱེན་རྩད་ཞིབ་དང་བཅོས་སྐྱོང་གི་ལས་དོན་ལ་སྔར་བས་ཤུགས་སྣོན་བྱས་སོ།།


རྩོམ་སྒྲིག་པ། ཚེ་པེ།