མེ་ཏོག

རྩོམ་པ་པོ།   འོ་སེ།དུས་ཚོད།   2021-02-04   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

མེ་ཏོག་གི་ཆར་བ་ཞིག་བབས་ན་འདོད།

མེ་ཏོག་གི་འཇའ་འོད་ཅིག་ཤར་ན་འདོད།

མེ་ཏོག་གི་ཁང་ཁྱིམ་ཞིག་བསླེས་ན་འདོད།

མེ་ཏོག་མིང་བའི་གཞོན་ནུ་མ་ཞིག་ལ་འཕྲིན་པ་བཏང་ན་འདོད།

མེ་ཏོག་ཁོ་ནས་གྲུབ་པའི་སྙན་ངག་ཅིག་བྲིས་ན་འདོད།

མེ་ཏོག་ཡུག་གཅིག་གིས་ངའི་འཇིག་རྟེན་ཧྲིལ་བོ་གང་ན་འདོད།

མེ་ཏོག མེ་ཏོག མེ་ཏོག སྐྱེ་བ་རྗེས་མར།

ང་རང་བུང་བ་ཞིག་གི་སྐྱེ་བ་བླངས་ན།

དབྱར་དགུན་མེད་པར་ཁྱོད་ཀྱི་སྦྲང་རྩི་ལ་རོལ་འདོད།

རྩོམ་སྒྲིག་པ། གཡུ་འཛོམས།