དཔྱིད་ཀར་རྒྱུན་ལྡན་ལྟར་ཁྱོན་ཡོངས་ནས་སློབ་མགོ་བརྩམ་རྒྱུ་རེད།

རྩོམ་པ་པོ།   དུས་ཚོད།   2021-02-04   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་དྲ་བ།

        ད་ལོའི་དཔྱིད་དུས་ཀྱི་སློབ་མགོ་ཚུགས་རྒྱུའི་སྐོར་ལ་སློབ་གསོ་པུའུ་ཡིས་མིག་སྔར་ཁྱོན་ཡོངས་ནས་སློབ་མགོ་ཚུགས་པ་དང་རྒྱུན་ལྡན་དུ་སློབ་མགོ་ཚུགས་པ། བདེ་འཇགས་ངང་སློབ་མགོ་ཚུགས་པ་བཅས་ཀྱི་བླང་བྱ་བཏོན་ཡོད། ད་ལྟ་དུས་གཅིག་ཏུ་ལས་དོན་ཁག་གསུམ་ཡག་པོ་སྒྲུབ་དགོས་ཏེ།

        གཅིག རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མཉམ་དུ་པར་གཞི་གསར་པའི་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་ལག་རྩལ་གྱི་ཇུས་གཞིར་བཟོ་བཅོས་བརྒྱབ་ཅིང་། ད་ལྟ་ལག་བསྟར་བྱེད་པ་ནི་སྟོན་ཀ་དང་དགུན་དུས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལག་རྩལ་གྱི་ཇུས་གཞི་ཡིན་པས་དཔྱིད་དུས་ཀྱི་སློབ་མགོ་ཚུགས་པའི་སྐབས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལག་རྩལ་གྱི་ཇུས་གཞིར་བཟོ་བཅོས་རྒྱག་དགོས།

        གཉིས། ས་གནས་སོ་སོའི་སློབ་གྲྭ་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་རིམས་ནད་ཀྱི་དུས་བབ་ལ་དབྱེ་ཞིབ་དང་བརྡར་གཅོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ས་གནས་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་སྟངས་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ལ་གཞིགས་ནས་དཔྱིད་དུས་ཀྱི་སློབ་མགོ་ཚུགས་པའི་བླང་བྱ་དང་དུས་ཚོད་བཀོད་སྒྲིག་དུས་ཐོག་ཏུ་ལེགས་སྒྲིག་བྱ་དགོས།

        གསུམ། ས་གནས་སོ་སོའི་སློབ་གྲྭ་ཁག་གིས་དཔྱིད་དུས་ཀྱི་སློབ་མགོ་ཚུགས་པའི་གྲ་སྒྲིག་ལས་དོན་ཁག་སྔ་སྣུར་དུ་ལེགས་པར་སྒྲུབ་དགོས་པའི་བླང་བྱ་བཏོན་ཞིང་། དམིགས་བསལ་གྱི་གནས་ཚུལ་འོག་ཏུ་སྔར་ལྟར་སྔ་གཞུག་སྡེབ་ནས་སློབ་མགོ་ཚུགས་དགོས་ཀྱིན་ཡོད། གལ་ཏེ་དཔྱིད་གསར་དུས་ཆེན་་གྱི་རྗེས་སུ་ད་དུང་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་ཡོད་ན། ས་ཁུལ་དེ་དག་གི་སློབ་མ་རྣམས་གནས་སྐབས་སུ་སློབ་གྲྭ་འགྲོ་རྒྱུར་ནར་འགྱངས་བྱེད་སྲིད། འོན་ཀྱང་སློབ་གསོའི་མ་ལག་དང་སློབ་གྲྭ་ཡོངས་ཀྱི་ངོས་ནས་བརྗོད་ན་དུས་ཐོག་དང་བདེ་འཇགས་ངང་སློབ་མགོ་ཚུགས་རྒྱུའི་འགན་ལེན་བྱ་དགོས་པ་དང་།  དཔྱིད་དུས་ཀྱི་སློབ་སྐབས་མགོ་ཚུགས་པའི་གྲ་སྒྲིག་ལས་དོན་ཁག་སྔ་སྣུར་དུ་འཆར་འགོད་ཡག་པོ་བྱ་དགོས། དུས་མཚུངས་སུ་ས་གནས་སོ་སོའི་སློབ་གྲྭ་ཁག་གིས་དྲ་ཐོག་དང་དྲ་ཕྱིའི་སློབ་ཁྲིད་ཕན་ཚུན་འབྲེལ་མཐུད་ཡོང་བར་གྲ་སྒྲིག་ཡག་པོ་བྱས་ནས་དགོས་མཁོ་བྱུང་ཚེ་དུས་ལྟར་དྲ་ཐོག་གི་སློབ་ཁྲིད་མགོ་བརྩམ་ཆོག་པ་བྱེད་དགོས། 


རྩོམ་སྒྲིག་པ། ཚེ་པེ།