གྲོང་གསེབ་མཛེས་པར་གྱུར་ཅིང་།། དམངས་རྣམས་ཕྱུག་པོར་གྱུར།།

རྩོམ་པ་པོ།   དུས་ཚོད།   2021-02-04   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          ཀྱག་ཀྱོག་གི་རྒྱལ་ཁབ་རིམ་པའི་གཞུང་ལམ་213བརྒྱུད་ནས་མའོ་རྫོང་ནན་ཞིན་གྲོང་རྡལ་དུ་སོང་། མིག་ལམ་དུ་གྲལ་དག་པའི་སྡེ་མིའི་སྡོད་ཁང་། ཡངས་ཤིང་རྒྱ་ཆེ་བའི་གཞུང་ལམ་ཁྱིམ་ཚང་རེ་རེའི་སྒོ་ཁར་ཤར་གཏོང་བྱས་ཡོད་ལ། ཤིང་སྡོང་རི་ལུང་ཀུན་དུ་ཁྱབ་ཡོད་པ་མཐོང་། སྡེ་མི་ཚོའི་ངོ་ལ་སྐྱིད་པའི་འཛུམ་གྱིས་ཁེངས།  

          ཉེ་བའི་ལོ་ཤས་རིང་། མའོ་རྫོང་གིས་རྒྱུད་བཟང་གི་ཤིང་ཏོག་ལི་དང་ཀུ་ཤུ་ལ་གཞི་ཚུགས་ཤིང་། རྟེན་གཞི་སྐྲུན་པ་དང་ཚོང་རྟགས་བཟོ་བ། ལས་སྣོན་བྱེད་པ། དོ་དམ་ལ་ཤུགས་སྣོན་པ། མཉམ་འབྲེས་ལ་སྐུལ་སྤེལ་གཏོང་བའི་བསམ་ཕྱོགས་ལྟར། ཞན་ཆ་གསབ་པ་དང་བཟང་ཆ་སྔར་ལས་སྟོབས་ཆེར་བཏང་སྟེ་ཤིང་ཏོག་ལི་དང་ཀུ་ཤུའི་དེང་རབས་ཞིང་ལས་གླིང་བསྐྲུན་ནས་དཔལ་འབྱོར་གྱི་ཕན་འབྲས་ཇེ་ཆེར་བཏང་། མིག་སྔར་དེང་རབས་ཞིང་ལས་གླིང་གི་རྒྱ་ཁྱོན་མུའུ་4300ཟིན་ཡོད་ཅིང་། མཐའ་འཁོར་གྱི་ཞིང་ས་མུའུ་13958སྤྱད་ནས་ཁྱད་ལྡན་ཤིང་ཏོག་འཕེལ་རྒྱས་སུ་བཏང་བ་དང་། ཞིང་ལས་གླིང་གིས་ལོ་རེར་ཤིང་ཏོག་ཏུན་ཁྲི་20.3ཐོན་ཐུབ་ལ། ལོའི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.38ཟིན་ཐུབ། 2019ལོར། མའོ་རྫོང་གི་ཤིང་ཏོག་ལི་དང་ཀུ་ཤུའི་དེང་རབས་ཞིང་ལས་གླིང་ནི་རང་ཁུལ་གྱི་སྐར་བཞིའི་དེང་རབས་ཞིང་ལས་གླིང་ཞེས་པའི་མིང་བཏགས།    

          མའོ་རྫོང་གི་ཤིང་ཏོག་ལི་དང་ཀུ་ཤུའི་དེང་རབས་ཞིང་ལས་གླིང་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད། མའོ་རྫོང་གིས་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུར་དམིགས་ཤིང་། འགྲོ་ལམ་ཤར་གཏོང་དང་གློག་ཤུགས་འགན་ལེན། འཕྲིན་གཏོང་ཁྱབ་གདལ།རྟེན་གཞི་ལེགས་གཏོང་བཅས་ལག་བསྟར་བྱས་པ་དང་། ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞིའི་སྒྲིག་བཀོད་སྔར་ལས་འཐུས་ཚང་དུ་བཏང་།   

           མའོ་རྫོང་ནན་ཞིན་གྲོང་རྡལ་གྱི་ཁག་བགོས་དོ་དམ་རྣམ་གྲངས་ཀྱི་ཀྲང་རེན་ཅུན་གྱིས། ནན་ཞིན་གྲོང་རྡལ་ནི་མའོ་རྫོང་གི་ཤིང་ཏོག་ལི་ཙེ་དང་ཀུ་ཤུའི་དེང་རབས་ཞིང་ལས་གླིང་གི་ལྟེ་བའི་ཁུལ་ཡིན་ལ། མིག་སྔར་ཨར་འདམ་གཞུང་ལམ་སྤྱི་ལེ་88.847དང་། ཨར་འདམ་ཞིང་ཁའི་ལམ་སྤྱི་ལེ་145.35། ཆུ་མཛོད་111། ཆུ་དོང་564། ཆུ་ཡུར་སྤྱི་ལེ་120། ཆུ་འདྲེན་ལྕགས་མདོང་སྤྱི་ལེ་105བཅས་བསྐྲུན་ཡོད། དེ་དང་ཆབས་ཅིག་ལུའོ་ཧྲན་ལི་སོབ་དཔེ་སྟོན་རྟེན་གཞི་དང་། ཨན་ཞང་ཀུ་ཤུའི་དཔེ་སྟོན་རྟེན་གཞི། མུའུ་ཐུའོ་སྤྲོ་གསེང་ལྟ་སྐོར་ཞིང་ལས་དཔེ་སྟོན་རྟེན་གཞི་སོགས་ལྟེ་བའི་དཔེ་སྟོན་རྟེན་གཞི་བདེ་བླག་ངང་བསྐྲུན་ཡོད་པར་མ་ཟད། ཤིང་ཏོག་དང་སྔོ་ཚལ་སྦྲེལ་བའི་བར་འདེབས་རྣམ་པ་སྤྱད་དེ། སྐྱེ་ཁམས་འཁོར་རྒྱུག་དང་བར་འདེབས་བྱས་ཞེས་བཤད།  

         ནན་ཞིན་གྲོང་རྡལ་ལུའོ་ཧྲན་གྲོང་སྡེའི་ཤིང་ཏོག་ལི་འཛུགས་མཁན་ཧུའུ་ཀྲི་ཡུང་གིས། ཉེ་བའི་ལོ་ཤས་རིང་མའོ་རྫོང་ཚན་རྩལ་ཞིང་ལས་ཅུས་དང་ནན་ཞིན་གྲོང་རྡལ་སྲིད་གཞུང་གིས་རོགས་སྐྱོར་འོག  ནན་ཞིན་གྲོང་རྡལ་གྲོང་སྡེ་སོ་སོའི་ཁྱིམ་ཚང་རེ་རེས་རྨོ་འདེབས་འཕྲུལ་འཁོར་ཆུང་གྲས་དང་། ཞིང་སྤྱོད་འཁོར་གསུམ་འཕྲུལ་འཁོར། གློག་སྒུལ་ཡལ་ག་འབྲེག་པའི་འཕྲུལ་འཁོར་སོགས་འཕྲུལ་ཆས་སྤྱོད་བཞིན་ཡོད་ལ། ང་ཚོ་མང་ཚོགས་ལ་སྟབས་བདེ་བཟོས་ཡོད་ཅེས་བཤད།   

         ཧུའུ་ཀྲི་ཡུང་གིས་བཤད་པ་ལྟར། ཉེ་བའི་ལོ་ཤས་རིང་། མའོ་རྫོང་གིས་ཞིང་ལས་གླིང་དུ་ཚན་རྩལ་དང་སྒྲིག་ཆས། ཚོང་རྟགས། ཤེས་ལྡན་མི་སྣ་བཅས་ཀྱི་འགན་ལེན་ཆེན་པོ་བཞི་ལག་བསྟར་བྱས་ཤིང་། ལྗང་མདོག་སྔོན་འགོག་ཚོད་འཛིན་དང་ལུད་རྒྱག་པ། ཤིང་ཏོག་ལ་ཐུམ་སྒྲིལ་བ་སོགས་ལག་རྩལ་གསར་བ་སྤྱད་པ་དང་། རྨོ་འདེབས་འཕྲུལ་འཁོར་ཆུང་གྲས་དང་ཞིང་སྤྱོད་འཁོར་གསུམ་འཕྲུལ་འཁོར། གློག་སྒུལ་ཡལ་ག་འབྲེག་པའི་འཕྲུལ་འཁོར་སོགས་ཞིང་ལས་འཕྲུལ་ཆས་ཁྱབ་གདལ་བཏང་ལ། ཞིང་ལས་གླིང་གི་ཐོན་རྫས་ཚོང་རྟགས་བཟོ་བ། ཆེད་ལས་པ་རྩ་འཛུགས་བྱས་ནས་མང་ཚོགས་ལ་ཤིང་སྡོང་འཛུགས་སྟངས་ཁྲིད་ནས་ཐོན་ལས་ཀྱི་ཕན་འབྲས་ཇེ་ཆེར་བཏང་།   

        ཞིང་ལས་གླིང་གི་ཤིང་སྡོང་འཛུགས་སྟངས་གཞི་ཁྱོན་ཅན་དང་ཐོན་ལས་ཅན་གྱི་རྨང་གཞིའི་ཐོག་ཏུ། མའོ་རྫོང་གིས་གྲོང་གསེབ་དར་རྒྱས་ཀྱི་འཇབ་ཇུས་དང་འབྲེལ་ནས། ཞིང་ལས་གླིང་དུ་ཞིང་ལས་དང་ལས་སྣོན་སྦྲེལ་བ་དང་། ཞིང་ལས་དང་གློག་རྡུལ་ཚོང་དོན་སྦྲེལ་བ། ཞིང་ལས་དང་ལྗོངས་སྐོར་སྦྲེལ་བའི་བྱེད་ཐབས་སྐུལ་སྤེལ་བཏང་ནས་ཐོན་ལས་དག་མཉམ་འདྲེས་ངང་འཕེལ་རྒྱས་སུ་བཏང་རྒྱུར་སྐུལ་སྤེལ་བཏང་།   

        ལོ་རེའི་ཟླ་10བ་ནི་མའོ་རྫོང་གི་ཀུ་ཤུ་ཁྲོམ་ར་བཏོན་པའི་དུས་ཡིན་ལ། མའོ་རྫོང་ནན་ཞིན་གྲོང་རྡལ་མིན་ཚུན་གྲོང་སྡེ་རུ། གྲོང་སྡེ་དེའི་གློག་རྡུལ་ཚོང་དོན་དམངས་ཕན་ས་ཚིགས་ཀྱི་ཀྲན་ཀྲང་ལིའུ་ཕིང་ཆའོ་ཡིས་ཀུ་ཤུ་བདམས་པ་དང་སྒམ་ནང་དུ་བསྡུས་བ། ལྗིད་ཚད་འཇལ་རྗེས། གློག་རྡུལ་ཚོང་དོན་གྱི་ལས་སྟེགས་བརྒྱུད་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་བསྐུར།  ལིའུ་ཕིང་ཆའོ་ཡིས་དེང་སང་དྲྭ་ལམ་བརྒྱུད་ནས་ཤིང་ཏོག་བཙོང་མཁན་མང་ཞིང་། ལོ་རེའི་ཤིང་ཏོག་སྨིན་པའི་དུས་ནི་མ་ཚོ་ཆེས་ཁོམ་ལོང་མེད་པའི་དུས་ཡིན། ད་ལོར་ང་ཚོའི་ས་ཚིགས་ཀྱིས་ཉིན་གཅིག་ལ་ཡོང་འབབ་སྒོར་ཁྲི་40ཡོད་ཅེས་བཤད།   

       ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་ལས་དོན་སྤེལ་བ་ནས་བཟུང་། མའོ་རྫོང་གློག་རྡུལ་ཚོང་དོན་གྱི་སྤྱིའི་ཞབས་ཞུའི་ལྟེ་གནས་ཀྱིས་གྲོང་རྡལ་གཅིག་ལ་ལས་རིགས་གཅིག་དང་། གྲོང་སྡེ་གཅིག་ལ་ཚོང་རྟགས་གཅིག་གི་དྲྭ་ཐོག་ཚོང་དོན་གྱི་ཚོང་རྟགས་བཏོད་ཅིང་། གྲོང་སྡེ་108དུ་གློག་རྡུལ་ཚོང་དོན་གྱི་དམངས་ཕན་ས་ཚིགས་བཙུགས་པ་དང་། གྲོང་རྡལ་11ཏུ་གློག་རྡུལ་ཚོང་དོན་ཁྱབ་པ་བྱས། དྲྭ་སྦྲེལ་སྟེགས་བུ་སོགས་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་དེ་ཁྱད་ལྡན་ཞིང་ལས་ཐོན་རྫས་དྲིལ་སྒྲོག་དང་ཕྱིར་ཚོང་སྔར་ལས་ནུས་ལྡན་བྱས་ནས། ཞིང་བའི་ཡོང་འབབ་འཕར་བ་དང་ཞིང་ལས་ཀྱི་ཕན་འབྲས་ཇེ་བཟང་དུ་བཏང་།   

       ཤེས་གསལ་ལྟར་ན། མའོ་རྫོང་གིས་ཁྱད་ལྡན་ཤིང་ཏོག་དང་སྔོ་ཚལ་གྱི་ལྟེ་བའི་དཔེ་སྟོན་རྟེན་གཞི་28བསྐྲུན་ཡོད་ཅིང་། མུའུ་ཁྲི་5ཡི་དཔེ་སྟོན་ཁུལ་དང་། མུའུ་ཁྲི་9ཡི་ཁྱད་ལྡན་ཤིང་ཏོག་རྟེན་གཞི། མུའུ་ཁྲི་7.7གྱི་སྐྱེ་ཁམས་སྔོ་ཚལ་རྟེན་གཞི། མུའུ་ཁྲི་6.2ཀྱི་ཁྱད་ལྡན་དཔལ་འབྱོར་ནགས་ཤིང་རྟེན་གཞི། མུའུ་ཁྲི་4.7གྱི་ལམ་བུའི་ཀྲུང་ལུགས་སྨན་རྩྭའི་རྟེན་གཞི་བཅས་བསྐྲུན་པའི་རྨང་གཞིའི་ཐོག་ཏུ། ཤིང་ཏོག་ལི་དང་ཀུ་ཤུའི་དེང་རབས་ཞིང་ལས་གླིང་མུའུ་4300བསྐྲུན་པ་དང་། མཐའ་འཁོར་གྱི་ཞིང་ས་མུའུ་13958སྤྱད་ནས་ཁྱད་ལྡན་ཤིང་ཏོག་འཕེལ་རྒྱས་སུ་བཏང་བ་དང་། ཞིང་ལས་གླིང་གིས་ལོ་རེར་ཤིང་ཏོག་ཏུན་ཁྲི་20.3ཐོན་ཐུབ་ལ། ལོའི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1.38ཟིན་ཐུབ།   

        མིག་སྔར་མའོ་རྫོང་གིས་ཞིང་ལས་གླིང་དུ་གཙོ་ཁྲིད་ཐོན་ལས་ཀྱི་ལས་སྣོན་སྣེ་འདྲེན་ཁེ་ལས་1སྐྱེད་སྲིང་བྱས་པ་དང་། གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་དམངས་ཕན་ཞབས་ཞུའི་ས་ཚིགས་10བསྐྲུན་པ། ཞིང་ལས་ཐོན་རྫས་ཐོན་ཡུལ་དུ་ཐོག་མའི་ལས་སྣོན་བྱེད་ཚད་བརྒྱ་ཆ་95ཡན་ཟིན། ཤིང་ཏོག་ལི་དང་ཀུ་ཤུ་སོགས་ཞིང་ལས་གླིང་གི་གཙོ་ཁྲིད་ཐོན་ལས་དྲྭ་ཐོག་ཕྱིར་ཚོང་བསྡོམས་འབོར་གྱིས་ཕྱིར་ཚོང་བསྡོམས་འབོར་གྱི་བརྒྱ་ཆ་38བཟུང་ཡོད་དོ།། 

རྩོམ་སྒྲིག་པ།  ཚེ་པེ།