སྤྲུལ་སྐུ་རྫུན་མ་འདིས་ལོ་10རིང་དུ་སྒོར་དུང་ཕྱུར་2གཡོ་ལེན་དང་སློབ་མ་དུ་མར་བཙན་གཡེམ་བྱས་པ།

རྩོམ་པ་པོ།   དུས་ཚོད།   2021-02-02   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་དྲ་བ།

           བོད་བརྒྱུད་ནང་བསྟན་ལ་འབྲེལ་བ་སྤུ་ཙམ་ཡང་མེད་པའི་ཝང་ཞིང་ཧྥུ(王兴夫)ཟེར་བ་དེས་བོད་རིགས་ཀྱི་ཐོབ་ཐང་དཔང་ཡིག་རྫུན་མ་བཟོས་པ་དང་།   ཁྲི་སར་འདོན་པའི་བྱེད་སྒོ་རྫུན་མ་བརྙན་དུ་ཕབ་པ།  PSཡི་ལག་རྩལ་སྤྱད་ནས་རང་ཉིད་པདྨའི་གདན་ལ་བཀོད་ཅིང་མགོ་རུ་འོད་ཀྱི་ཐིག་ལེས་བརྒྱན་པ་སོགས་སྤྱོད་ཚུལ་ཡ་མ་བརླ་སྣ་ཚོགས་སྤེལ་བ་དང་། མིང་ལ་སྤྲུལ་སྐུ་བློ་བཟང་བསྟན་འཛིན་ཞེས་བཏགས་ནས་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུར་བརྫུས། ཁོས་ལོ་ངོ10ཡི་རིང་ལ་རྒྱལ་ཡོངས་སུ་སློབ་མ3000ལྷག་བསྡུས་པ་མ་ཟད།  ཁྲིམས་འགལ་སྒོས་སྒོར་དུང་ཕྱུར2ལ་ཉེ་བ་གཡོ་ལེན་དང་བུད་མེད་སློབ་མ་དུ་མར་བཙན་གཡེམ་སོགས་བྱས་པས་ཉེ་ལམ་ཝང་ཞིང་ཧྥུ་ལ་ལོ25རིང་གི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད།

རྩོམ་སྒྲིག་པ། གཡུ་འཛོམས།