​ཐེན་ཧྥུའུ་བདེ་ཐང་བགྲོད་ལམ་ཇི་ལྟར་ཕབ་ལེན་བྱ་དགོས།

རྩོམ་པ་པོ།   དུས་ཚོད།   2021-01-29   རྩོམ་ཁུངས།    སི་ཁྲོན་བོད་སྐད་རླུང་འཕྲིན།

  སི་ཁྲོན་ཐེན་ཧྥུའུ་བདེ་ཐང་བགྲོད་ལམ་ཞེས་པ་ཅི་ཞིག་ཡིན་ནམ།

         སི་ཁྲོན་ཐན་ཧྥུའུ་བདེ་ཐང་ནི་ཞིང་ཆེན་འཕྲལ་སྡོམ་བཀོད་འདོམས་པུའུ་ཡིས་མིག་སྔའི་རིམས་ནད་གནས་ཚུལ་དང་ཟུང་འབྲེལ་བྱས་ནས་མང་ཚོགས་བདེ་འཇགས་ངང་འགྲོ་སྐྱོད་བྱེད་པར་སྟབས་བདེ་བཟོ་ཆེད། ཏོག་དབྱིབས་ནད་དུག་སྐབས་མི་སྒེར་གྱི་བདེ་ཐང་གནས་ཚུལ་རྟོགས་པའི་རྩ་གཉིས་ཨང་རྟགས་ཀྱི་གློག་རྡུལ་དཔང་འཛིན་ཞིག་ཡིན་པ་དང་། དེ་ནི་རིམས་ནད་བྱུང་མིན་དཔྱད་བཤེར་བྱེད་པའི་གཞི་འཛིན་ས་ཞིག་ཡིན། “སི་ཁྲོན་ཐན་ཧྥུའུ་བདེ་ཐང་བགྲོད་ལམ་”ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་“ཨང་གཅིག་བགྲོད་ལམ་”བཏོད།

 མི་གང་དག་གིས་“སི་ཁྲོན་ཐེན་ཧྥུའུ་”བཤེར་རིས་ལེན་དགོས།

       སི་ཁྲོན་དུ་བཅའ་སྡོད་བྱས་པའི་མི་སྣ་དང་དེ་བཞིན་སི་ཁྲོན་དུ་ཕྱིར་ལོག་མཁན་ཡོངས་ཀྱིས་རང་གིས་དྲ་ཐོག་ནས་ལེན་དགོས།

“སི་ཁྲོན་ཐེན་ཧྥུའུ་བདེ་ཐང་བགྲོད་ལམ་”ཇི་ལྟར་སྤྱོད་དགོས་སམ།

          ཞིང་ཆེན་ཡོངས་སུ་མི་གཅིག་ཨང་གཅིག་ལྟར་འགྲོ་སྐྱོད་བྱེད་པ་དང་། རིམས་ནད་གནས་ཚུལ་འགོག་པའི་ལས་དོན་གྱི་དགོས་མཁོར་གཞིགས་ནས་གཏན་འཁེལ་བྱས་པའི་གཙོ་གནད་ས་གནས་དང་། གཙོ་གནད་ལས་གནས། གཙོ་གནད་མི་ཚོགས་བཅས་ལ་ངེས་པར་དུ་རིམས་ནད་བྱུང་ཚུལ་ལ་གཞིགས་ནས་རིམས་ནད་འགོག་པའི་འབྲེལ་ཡོད་གཏན་འབེབས་ལྟར་ཨང་རྟགས་འཚོལ་བ་བརྒྱུད་ནས་དོ་དམ་བྱེད་དགོས།

“སི་ཁྲོན་ཐན་ཧྥུའུ་བདེ་ཐང་བགྲོད་ལམ་”ཇི་ལྟར་ལེན་དགོས་སམ།

གོ་རིམ་དང་པོ།

    སྐད་འཕྲིན་དང་གཏོང་སྤྲོད་ནོར་བུའི་ཁ་ཕྱེ་བའམ། ཡང་ན་ཐེན་ཧྥུའུ་བགྲོད་ལམ་གྱི་Appའཚོལ་བཤེར་བྱེད་པ་དང་། “སི་ཁྲོན་ཐེན་ཧྥུའུ་བདེ་ཐང་བགྲོད་ལམ་”ཞེས་པ་གནོན་པའམ་ཡང་ན་ཐད་ཀར་གཡས་ཕྱོགས་ནས་རྩ་གཉིས་ཨང་རྟགས་གནོན་དགོས།

གོ་རིམ་གཉིས་པ།

    ཐོག་མར་“ངའི་བདེ་ཐང་ཨང་རྟགས་སྟོན་དགོས”ཞེས་པར་མནན་ནས་ཐོ་འགོད་བྱས་ཏེ་དངོས་མིང་ཐོག་ནས་ར་སྤྲོད་བྱེད་དགོས།

གོ་རིམ་གསུམ་པ། 

    དངོས་མིང་ར་སྤྲོད་བྱས་རྗེས་ལུས་ཁམས་བདེ་ཐང་སྐོར་གྱི་ཆ་འཕྲིན་ཡིག་ཐོག་ནས་སྙན་སེང་ཞུ་དགོས། གསལ་འདེབས་ཀྱི་ནང་དོན་ལྟར་ཇི་མ་ཇི་བཞིན་དུ་བྲིས་ཏེ། གཏན་འཁེལ་བྱས་རྗེས་ཡར་སྤྲོད་དགོས། དེ་ནས་བདེ་ཐང་ཨང་རྟགས་དེ་ལེན་ཐུབ།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།