ལིའུ་ཕིང་གིས་ཁུལ་ཡོངས་ཀྱི་རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལས་དོན་ཚོགས་འདུར་གསུང་བཤད་གནང་།

རྩོམ་པ་པོ།   དུས་ཚོད།   2021-01-29   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཟླ་1ཚེས་22ཉིན་གྱི་ཕྱི་དྲོར། ཁུལ་ཡོངས་ཀྱི་རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལས་དོན་ཚོགས་འདུ་འབར་ཁམས་སུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་ཚོགས་འདུར་ཞུགས་པ་དང་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་ཀྱི་སྒྱུར་བཅོས་འཕེལ་རྒྱས་དང་ཏང་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ། ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ། ཞིང་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུ། ཞིང་ཆེན་ཡོངས་ཀྱི་རྒྱལ་དབང་རྒྱུ་ནོར་དང་རྒྱལ་དབང་ཁེ་ལས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་གཏིང་ཟབ་སྒོས་སློབ་སྦྱོང་དང་ལག་བསྟར། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་བ་དང་། ཁུལ་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་དང་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས། ཐུན་མོང་གི་ལྟ་བ་གཅིག་སྒྲིལ་དང་འགན་འཁྲི་ཕྲག་ཏུ་འཁུར་ཕོད་པ། དཀའ་ངལ་ཁྱད་བསད་ཀྱིས་བརྩོན་པ་བསྐྱེད་དེ། ཁུལ་ཡོངས་ཀྱི་རྒྱལ་དབང་ཁེ་ལས་སྒྱུར་བཅོས་ཀྱི་ལོ་གསུམ་གྱི་བྱེད་སྒོ་སྤེལ་རྒྱུར་སྐུལ་འདེད་གཏིང་ཟབ་དང་། རྒྱལ་དབང་དཔལ་འབྱོར་གྱི་བཀོད་པ་ལེགས་སྒྱུར་དང་གྲུབ་ཚུལ་ལེགས་སྒྲིག་བྱེད་ཚད་མགྱོགས་སུ་བཏང་ནས། རྒྱལ་དབང་མ་རྩ་དང་རྒྱལ་དབང་ཁེ་ལས་སྤུས་ལེགས་སྟོབས་ཆེར་དང་། ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བའི་ཐད་ལ་བྱས་རྗེས་སྔར་ལས་ཆེ་བ་འཇོག་དགོས།

རྩོམ་སྒྲིག་པ། ཚེ་པེ།  གཡུ་འཛོམས།