རྩོམ་པ་པོ།   གསེར་དུང་སྙུག དུས་ཚོད།   2021-01-28   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།
ཁྱོད་ཀྱི་བློ་མིག་དེར།
རྒྱང་རིང་དང་རྩྭ་ཐང་གི་རྣམ་ཤེས་འཁྱིལ་ཡོད།
རི་བོ་རྫོགས་མེད་ཅིག་དང་།
ནགས་ཚལ་གྲངས་མེད་ཅིག
བཞིན་གྱི་རི་མོར་གསལ་འདུག
ས་ཆ་དེ་བདག་གི་ཕ་ཡུལ་ཡིན་ཡང་སྲིད།
མཁུར་ཚོས་དམར་བོ།
མིག་ཟུང་རིག་རིག
ལོ་ངོ་བཅུ་ཕྲག་གི་ཁྱོད་ཀྱི་དྲན་པ།
རྣམ་ཤེས་གསར་བ་ཞིག་གི་སྐྱེ་བ་ཡིན།
སྐབས་དེར་ཁྱོད་དང་ལང་ཚོའི་དབར།
གཞས་མ་གཏམ་གྱི་སྐྱོ་གར་ཡོད།
ངུ་མ་དགོད་ཀྱི་འཚོ་བ་ཡོད།
ཁྱོད་ཀྱི་ལྟེ་ཐག་དམར་བོ་དང་སྐྲ་ལོ་ཟེད་པོ།
དམ་བཅའ་དང་ཚེ་སྲོག་གི་མནའ་གདན་ཡིན།
ཁྱོད་ནི་ཤོག་བུས་ཀྱང་དྭངས་ཤིག་ཡིན།
ཉི་མ་བས་ཀྱང་དྲོ་ཞིག་ཡིན།
དེ་ནི་ཁྱོད་ལ་བརྩེ་དུང་གི་རུམ་ཁ་དྲོན་མོ་དང་།
མི་ཞིག་གི་ལམ་ལུགས་ཚང་བས་ཡིན།
རྩོམ་སྒྲིག་པ། ཚེ་པེ། གཡུ་འཛོམས།