ཕྱིར་དྲན་གྱི་མཛེས་པ།

རྩོམ་པ་པོ།   ཞོགས་ཆར། དུས་ཚོད།   2021-01-27   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

དྲོད་ཁོལ་མེད་པའི་ཉིན་དང་མཚན་མོར།

སྨྲ་ལྕེ་དག་འཁྱག་རེངས་སུ་གྱུར་ནས།

ཡིད་འོང་གི་འདས་དོན་ལ་ཕྱིར་དྲན་བྱེད་བཞིན།

མིག་ཆུ་དང་ཁ་བའི་འདྲེས་མཚམས་ནས།

སུ་ཞིག་གི་ཁྱོད་ལ་སྙིང་ཤ་འཁྱེར་བའི་སེམས་གཏམ་གློད་མྱོང་།

ཧ་ཅང་མཛེས་སྡུག་གི་ཕྱུག་པའི་དབྱར་ཁ་ཞིག་ཀྱང་མ་ཡིན་ལ།

གསེར་མདོག་གིས་ཀླུབས་པའི་སྟོན་ཁ་ཞིག་ཀྱང་མ་ཡིན།

དེ་ནི་ཁ་བ་དང་ཙག་རླུང་རྒོད་པའི་དགུན་ཁ་ཞིག་རེད།

ངས་ཁྱེད་ཀྱི་རྒྱབ་གཟུགས་ལ་སྙིང་ཤ་བརླན་ཞིང་།

སྙན་འཇེབས་ལྡན་པའི་སྐད་ངག་ལ་རྣ་བ་གཏད་དུས།

ངའི་མིག་ཆུ་དང་སེམས་ཚེགས་ཡོད་ཚད་ཅི་འདྲའི་ཡིད་དུ་འོང་ཨང་།

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།