འབར་ཁམས་གྲོང་ཁྱེར་འབྲོང་རྫོང་ཡུལ་ཚོས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྒྲོག་འགྲེལ་བྱས།

རྩོམ་པ་པོ།   དུས་ཚོད།   2021-01-25   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          ཉེ་ཆར། འབར་ཁམས་གྲོང་ཁྱེར་འབྲོང་རྫོང་ཡུལ་ཚོས་བྱེད་ཐབས་སྣ་མང་སྤྱད་དེ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། ཚོགས་འདུའི་དགོངས་དོན་གཞི་རིམ་དང་མི་རེ་རེའི་སེམས་སུ་ངེས་པར་བྱས།

         ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་དགོངས་དོན་སྒྲོག་འགྲེལ་བྱས། ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ནས་ཆེད་དོན་སློབ་སྦྱོང་དང་སྤེལ་རེས་བྱས་ཏེ། ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་དེ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་བྱས་ནས། ལས་བྱེད་པ་ཡོངས་ལ་དཔེ་སྟོན་བྱས་པ་དང་། ཏང་ཡོན་དང་ལས་བྱེད་པ་རྣམས་ཀྱིས་དགོངས་དོན་གྱི་གོ་བ་ཟབ་མོར་ལེན་དགོས་པའི་བླང་བྱ་བཏོན།

         རོང་འབྲོག་པའི་མཚན་མོའི་སློབ་གྲྭ་བཙུགས་ནས་དགོངས་དོན་སྒྲོག་འགྲེལ་བྱས། རོང་འབྲོག་པའི་མཚན་མོའི་སློབ་གྲྭའི་ནུས་པ་འདོན་སྤེལ་བྱས་ནས་གྲོང་སྡེ་སོ་སོ་རུ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྒྲོག་འགྲེལ་བྱས། 2035ལོའི་རྒྱང་རིང་གི་དམིགས་འབེན་དང་། ལྔ་འཆར་བཅུ་བཞི་བའི་སྐབས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཛུབ་སྟོན་བསམ་བློ་དང་། དེ་མིན་གཞི་རིམ་བཅོས་སྐྱོང་ལས་ཀའི་ཤུགས་རྐྱེན་ཟབ་མོ་སོགས་ཀྱི་ནང་དོན་སྒྲོག་འགྲེལ་བྱས།

         གསར་དར་སྨྱན་སྦྱོར་བརྒྱུད་ནས་དགོངས་དོན་སྒྲོག་འགྲེལ་བྱས། དུས་ཐོག་ཏུ་སྐད་འཕྲིན་དང་གླེང་མོལ་ཚོགས་པ་རུ་སྒྲོག་འགྲེལ་གྱི་གནད་བསྡུས་ཁྱབ་བསྒྲགས་བྱས་ནས། ཡུལ་ཚོ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་སློབ་སྦྱོང་བྱེད་པར་སྐུལ་མ་བཏང་བ་དང་ཆབས་ཅིག ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གི་གནས་ཡུལ་དང་། གྲོང་སྡེ་སོ་སོའི་གྲོང་སྡེ་ཨུ་ལྷན། གྲོང་གསེབ་ཀྱི་ལམ་མདོ་གཙོ་བོ་བཅས་སུ་LEDགློག་རྡུལ་བརྙན་ཤེལ་དང་། དྲིལ་སྒྲོག་བྱང་བུ་སོགས་སྤྱད་དེ་དགོངས་དོན་དྲིལ་སྒྲོག་བྱས་སོ།། 

རྩོམ་སྒྲིག་པ།  ཚེ་པེ།  གཡུ་འཛོམས།