གཟི་རྩ་སྡེ་དགུ་རྫོང་གིས་བྱེད་ཐབས་གསུམ་སྤྱད་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་བཏང་།

རྩོམ་པ་པོ།   གསང་བདག་སྒྲོལ་མས་བསྒྱུར།དུས་ཚོད།   2021-01-05   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            ཉེ་བའི་ལོ་ཤས་རིང་། གཟི་རྩ་སྡེ་དགུ་རྫོང་གིས་གནོད་རྗེས་བསྐྱར་བསྐྲུན་དང་ཐོན་ལས་དར་སྤེལ་གྱི་བྱེད་ཐབས་ལ་བརྟེན་ནས་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་བཏང་།

            ལས་གནས་སྔར་བས་མང་བོ་མཁོ་འདོན་བྱས། ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི་94.1བཏང་སྟེ་བསྐྱར་སྐྲུན་རྣམ་གྲངས་ཀྱི་ལས་མིར་ས་གནས་དེའི་ཞིང་བ་ཁྲི་1.5ལྷག་བསྡུས་པ་དང་། ས་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་པ་སོགས་སྤྱི་ཕན་རང་བཞིན་གྱི་ལས་གནས་4084གསར་དུ་བསྣན། ཞིང་ཆེན་རིམ་པའི་ལས་ཞུགས་དབུལ་སྐྱོར་རྟེན་གཞི་3བཙུགས་ནས་དབུལ་སྐྱོར་གྱི་གྲོང་གསར་གཉིས་དང་དབུལ་སྐྱོར་འཁོར་ཁང་27བསྐྲུན་ནས། མང་ཚོགས་7800ལས་གནས་སུ་ཞུགས་ཐུབ་པ་དང་། དེའི་ཁྲོད་དབུལ་བོ་2300ཡོད། གཟི་རྩ་སྡེ་དགུའི་ལུའུ་ནེང་གནས་མཆོག་དང་ཡུང་ལེ་ཆུ་ཁོལ་སོགས་ལྗོངས་སྐོར་བསྐྱར་སྐྲུན་རྣམ་གྲངས་ཀྱིས་ས་གནས་ཀྱི་མང་ཚོགས་1000ལྷག་ལ་ལས་གནས་མཁོ་འདོན་བྱས་པ་དང་། མི་རེ་ཟླ་རེར་ཡོང་འབབ་སྒོར་3000ལྷག་ཡོད།

          ཡུལ་གཞན་དུ་གནས་སྤར། གཟི་རྩ་སྡེ་དགུ་རྫོང་གིས་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་ཞིང་ཁྱིམ་45བསྐྱར་བསྐྲུན་བྱས་པ་དང་། གཏོར་སྐྱོན་ཕོག་པའི་ཞིང་བའི་སྡོད་ཁང་14629ཉམས་གསོ་བྱས། དེ་མིན་ཆུ་ལོག་གི་གནོད་འཚེ་ཕོག་པའི་ཁྱིམ་ཚང་299ཡི་སྡོད་ཁང་ཉམས་གསོ་བྱས། དེ་དང་ཆབས་ཅིག་གཟི་རྩ་སྡེ་དགུ་རྫོང་གིས་མ་དངུལ་སྒོར་ཁྲི་6250.54བཏང་ནས་ཡུལ་གཞན་དུ་གནས་སྤོར་དབུལ་སྐྱོར་གྱི་རྨང་གཞིའི་སྒྲིག་བཀོད་5འཛུགས་སྐྲུན་བྱས་པ་དང་།ཁྱིམ་ཚང་119དང་མང་ཚོགས་440ཡི་ཡུལ་གཞན་དུ་གནས་སྤོར་དབུལ་སྐྱོར་བྱ་ཡུལ་དང་། ཁྱིམ་ཚང་227དང་མང་ཚོགས་898སྡོད་ཁང་གསར་བའི་ནང་སྤར་ཡོད། གྲོང་སྡེ་ཧྲིལ་བོའི་གནས་སྤོར་གཞི་ཁྱོན་དང་གཅིག་སྡུད་གནས་སྤོར་མི་གྲངས། རྫོང་རིམ་པའི་སྲིད་གཞུང་གི་སྒྲིག་བཀོད་ཆ་ཚང་བའི་མ་དངུལ་གྲབས་གསོག་བཅས་ཁུལ་ཡོངས་ཀྱི་ཨང་དང་བོར་བསླེབས་ནས་མང་ཚོགས་དབུལ་བོ་སྡོད་ཁང་གསར་བའི་ནང་སྤར་ཡོད།

            ལྗོངས་སྐོར་སྤེལ་ནས་དབུལ་ཕོངས་ལས་སྒྲོལ་རོགས་བྱས། ས་འགུལ་བྱུང་ནས་ལོ་3འགོར་རྗེས། གཟི་རྩ་སྡེ་དགུ་རྫོང་གིས་བསྐྱར་བསྐྲུན་གྱི་ལས་ལ་གྲུབ་འབྲས་ཐོབ་ཡོད། མཛེས་ལྗོངས་ཁུལ་སྒོ་ཕྱེས་པ་ནས་བཟུང་ལྗོངས་རྒྱུ་བ་མི་ཐེངས་ཁྲི་343.9ལ་སྣེ་ལེན་བྱས་པ་དང་། ལྗོངས་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་45.6ཟིན་ནས་མང་ཚོགས་བརྒྱ་ཆ་97ལ་ཕན་བཏགས། ལྗོངས་སྐོར་དབུལ་སྐྱོར་གྱིས་མི་རིགས་ཁག་གི་མང་ཚོགས་ཕྱུག་འགྱུར་ཡོང་བ་དང་འབྱོར་འབྲིང་གི་ཕྱོགས་སུ་སྐྱོད་པའི་གོམ་སྟབས་སྔར་བས་བརྟན་དུ་ཕྱིན་ཡོད་དོ།།

རྩོམ་སྒྲིག་པ།  གཡུ་འཛོམས།