རྒས་གཉེར་མས་གང་བའི་འཛུམ་ཞལ་དེ་། རྒྱུ་འབྱོར་བ་གང་གིས་བསྒྲུན་དུ་མེད་།

རྩོམ་པ་པོ།   ལི་ཀྲི་ཝང་།དུས་ཚོད།   2020-12-18   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         ཁོང་ནི་སྤྱི་ལོ་1949ལོའི་ཟླ་10པར་ཀན་སུའུ་ལན་ཀྲོའུ་གྲོང་ཁྱེར་དུ་སྐྱེས། ཀྲུང་གོའི་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི་དང་ཀན་སུའུ་ཞིང་ཆེན་གྱི་པར་ལེན་མཐུན་ཚོགས་ཀྱི་ཚོགས་མི། ཀྲུང་གོའི་རྡོ་སྣུམ་མཛེས་རྩལ་པའི་མཐུན་ཚོགས་ཀྱི་ཚོགས་མི། ཀན་སུའུ་ཞིང་ཆེན་གྱི་མཛེས་རྩལ་པའི་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན་ལ། ཁོང་གིས་སྔ་ཕྱིར《ལན་ཧྭའི་བཟོ་ལས་པའི་ཚགས་པར》གྱི་མཛེས་རྩལ་རྩོམ་སྒྲིག་པ་དང་པར་ལེན་གསར་འགོད་པ། 《ལན་ཧྭའི་བཟོ་ལས་པའི་ཚགས་པར》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ། 《ལན་ཀྲོའུ་ཧྲི་ཧྭའི་ཚགས་པར》གྱི་ལག་བསྟར་སྤྱི་ཁྱབ་རྩོམ་སྒྲིག་པ་བཅས་ཀྱི་འགན་ཁུར་མྱོང་།

ཁོང་ཆུང་བའི་དུས་ནས་རི་མོ་འབྲི་བ་ལ་བག་ཆགས་ཟབ་མོ་ཡོད་པར་མ་ཟད། སྒྱུ་རྩལ་འཚོལ་སྙེགས་ཀྱི་འདུན་པ་བཞག་མ་མྱོང་། ཁོང་གིས་སྒྱུ་རྩལ་ནི་འཚོ་བ་དངོས་ལས་བྱུང་ཞིང་། འཚོ་བ་དངོས་ལས་ཚད་མཐོ་བ་ཞིག་ཡིན་ཞེས་སྨྲ།

       ལོ་རབས་དགུ་བཅུ་བ་ནས་བཟུང་། བོད་ཡུལ་དུ་བསྐྱོད་ནས་བོད་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་ལ་རྒྱུས་ལོན་བྱེད་མགོ་བརྩམས། གང་དུ་ཐོན་པའི་གནས་སུ་སྒྱུ་རྩལ་གསར་རྩོམ་བྱེད་པ་དང་མཉམ་དུ། བོད་རིགས་སྤུན་ཟླ་རྣམས་ལ་པར་ལེན་པ་དང་སྣུམ་ཚོན་རི་མོ་འབྲི་བ་སོགས་ཀྱང་བྱེད་བཞིན་ གདའ། ཐེངས་འདིར་ངེད་སྙུག་རྩེའི་དགའ་ཚལ་དུ་ཁོང་གི་སྣུམ་ཚོན་རི་མོ་བཅོ་ལྔ་ཙམ་དཔར་ཐེངས་གསུམ་དུ་བསྒྲིགས་ནས་སྤྱན་བསྟར་བྱ་རྒྱུ་ཡིན་ལགས་ན། ཁྱེད་ཅག་གི་ཐུགས་ཡིད་དང་མཐུན་པར་སྨོན་ནོ།།






རྩོམ་སྒྲིག་པ། ཚེ་པེ།