སྟོན་ལྗོངས་མིག་དབང་རང་འཕྲོག

རྩོམ་པ་པོ།   སྟོང་ཚེ་ཆོས།དུས་ཚོད།   2020-12-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།



       སྟོན་ལྗོངས་ནི་གསེར་གྱི་ཁུ་བ་བྱུགས་པ་ལྟར་ཡིད་དུ་འོངས་ཤིང་། ཞོགས་ཀའི་ཉི་འོད་ས་ལ་འཕོས་པ་ན། སྤང་གི་ཟིལ་བ་ཕྲ་ཕྲོམ་འོད་མདངས་རྣམ་པར་བཀྲ། རྟ་ནོར་ལུག་གསུམ་གྱི་ཤ་ཤེད་བཟང་ལ། ལྷ་གཡག་རྣམས་ཀྱི་ངར་ཤུགས་ཆེ་བའི་ཧུར་སྒྲ་ལས་མཆེད་པའི་རླངས་པ་ཁོ་ནའང་དུ་ཞག་མཆེད་པ་དང་འདྲ། འབྲོག་པའི་སེམས་ཁམས་ཀྱང་སྤང་ཐང་ཡངས་པོ་ཇི་བཞིན་རྒྱ་ཆེ་ལ། ལྷ་གཡག་ངར་མ་ཇི་བཞིན་ཐད་ཀར་ཡོད་པ་ཞིག་གོ།

རྩོམ་སྒྲིག་པ།  ཚེ་པེ།