འཛམ་ཐང་རྫོང་བཅའ་སྡོད་སློབ་ཆུང་གིས་ཛམ་བྷ་ལའི་རེ་བའི་ཉམས་འགྱུར་ཞེས་པའི་སྙན་ངག་གྱེར་འདོན་གྱི་འགྲན་བསྡུར་སྤེལ།

རྩོམ་པ་པོ།   གྲགས་པ་བསྟན་འཛིན།དུས་ཚོད།   2020-11-27   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            གསུང་རབ་ཀྱི་བག་ཆགས་བཟང་བོ་བཞག་ནས་སློབ་མའི་རིག་གནས་དང་ཀུན་སྤྱོད་ཀྱི་བྱང་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར་འཛམ་ཐང་རྫོང་བཅའ་སྡོད་སློབ་ཆུང་གིས་ཛམ་བྷ་ལའི་རེ་བ་ཉམས་འགྱུར་ཞེས་པའི་སྙན་ངག་གྱེར་འདོན་གྱི་འགྲན་བསྡུར་སྤེལ།

          འགྲན་བསྡུར་དུ་འགྲན་ཞུགས་རུ་ཁག་12ཀྱིས་བརྩེ་དུང་ཟབ་ཅིང་ངག་གི་འགྱུར་ཁུག་སྙན་པའི་སྒོ་ནས་བརྩམས་ཆོས་གྲགས་ཅན་མང་བོ་གྱེར་འདོན་བྱས། འགྲན་བསྡུར་གྱི་ནང་དོན་ཕུན་སུམ་ཚོགས་ལ། གྱེར་འདོན་གྱི་རྣམ་པ་འདྲ་མིན་སྣ་ཚོགས་ཡོད་པར་མ་ཟད།སོ་སོར་ཐུན་མིན་གྱི་ཁྱད་ཆོས་ལྡན་པ་དང་། སྙན་ངག་གྱེར་འདོན་རེ་རེ་ལས་སློབ་མ་རྣམས་མེས་རྒྱལ་ལ་དགའ་ཞེན་དང་ཕ་ཡུལ་ལ་དགའ་ཞེན་གྱི་བརྩེ་དུང་ཟབ་མོས་མཚོན་ཡོད། ཐུན་མོང་མ་ཡིན་པའི་གྱེར་འདོན་གྱིས་དགེ་སློབ་ཀུན་གྱི་ཡིད་དབང་འཕྲོག་སོང་།

          ཐེངས་འདིའི་སྙན་ངག་གྱེར་འདོན་འགྲན་བསྡུར་དེ་བདེ་བླག་ངང་སྤེལ་བས། སློབ་གྲོགས་ཚོར་གསུང་རབ་ཀྱི་བག་ཆགས་ཟབ་མོ་ཐེབས་ཏེ་བསམ་བློའི་གོ་རྟོགས་ཇེ་མཐོར་བཏང་བ་དང་། སློབ་མའི་ཤེས་བྱའི་མཐོང་རྒྱ་ཆེར་བསྐྱེད་པ། སློབ་གྲྭའི་རིག་གནས་འཛུགས་སྤེལ་དང་བསམ་པའི་དཔལ་ཡོན་འཛུགས་སྤེལ་ལ་སྐུལ་འདེད་བཏང་ཡོད་ལ། ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དཔའ་ངར་ཆེར་སྐྱེད་ཀྱི་སློབ་གྲྭའི་རྣམ་པ་ཆགས་པར་སྐུལ་འདེད་བཏང་ཡོད།

རྩོམ་སྒྲིག་པ།  གཡུ་འཛོམས།