འབར་ཁམས་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་ཀྲུང་དབྱང་གིས་བཏང་བའི་མ་དངུལ་དོན་ཐོག་ཏུ་འཁྱོལ་བ།

རྩོམ་པ་པོ།   གསང་བདག་སྒྲོལ་མས་བསྒྱུར།དུས་ཚོད།   2020-11-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          ད་ལོ་ནས་བཟུང་། འབར་ཁམས་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་འགན་ལེན་དྲུག་དང་བརྟན་ལྷིང་དྲུག་གི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་བྱས་ཤིང་། སྔོན་རྩིས་གཤམ་སྤྲོད་དང་། མ་དངུལ་གཏོང་སྤྲོད། རྩིས་ཁྲ་དོ་དམ་བཅས་ཕྱོགས་གསུམ་ནས་མ་དངུལ་དོན་ཐོག་ཏུ་འཁྱོལ་བ་འགན་ལེན་བྱས་པ་དང་། ཀྲུང་དབྱང་གི་ཐད་གཏོང་མ་དངུལ་གྱིས་ནུས་པ་འདོན་སྤེལ་གང་ལེགས་བྱས་ལ། ཀྲུང་དབྱང་གིས་བཏང་བའི་མ་དངུལ་དོན་ཐོག་ཏུ་འཁྱོལ་ཐུབ་པར་འགན་ལེན་བྱས།

         ཟླ་10བའི་ཚེས་20ཉིན་གྱི་བར་དུ། རིམ་རྩིས་བྱས་པ་ལྟར་ན་ཀྲུང་དབྱང་གིས་རིགས་བཞི་དང་རྣམ་གྲངས་40ལ་མ་དངུལ་སྒོར་ཁྲི་20416.81བཏང་ཡོད་ཅིང་། དེ་ལས་ཁེ་ལས་དང་དམངས་ཕན་རིགས་ཀྱི་རྣམ་གྲངས་10དང་མ་དངུལ་སྒོར་ཁྲི་5157.24བཏང་ཡོད་པ་དང་། གཙོ་གནད་རྣམ་གྲངས་རིགས་ཀྱི་རྣམ་གྲངས་5དང་མ་དངུལ་སྒོར་ཁྲི་2346བཏང་ཡོད་ལ། གཞི་རིམ་འཁོར་སྐྱོད་རིགས་ཀྱི་རྣམ་གྲངས་3དང་མ་དངུལ་སྒོར་ཁྲི་7901བཏང་ཡོད་པ་དང་། རྒྱུན་རྣམ་དང་ཡུན་ཕན་གྱི་རིམས་འགོག་རིགས་ཀྱི་རྣམ་གྲངས་22དང་མ་དངུལ་སྒོར་ཁྲི་5012.57བཏང་ཡོད།

          ཀྲུང་དབྱང་གིས་བཏང་བའི་མ་དངུལ་སྒོར་ཁྲི་12774.25དོན་ཐོག་ཏུ་འཁྱོལ་ཡོད་ཅིང་། མ་དངུལ་དོན་ཐོག་ཏུ་འཁྱོལ་ཚད་བརྒྱ་ཆ་62.6ཟིན་ཡོད། དེ་ལས་ཁེ་ལས་དང་དམངས་ཕན་རིགས་ལ་མ་དངུལ་སྒོར་ཁྲི་2739.91དོན་ཐོག་ཏུ་འཁྱོལ་བ་དང་། གཙོ་གནད་རྣམ་གྲངས་རིགས་ལ་མ་དངུལ་སྒོར་ཁྲི་1645.72དོན་ཐོག་ཏུ་འཁྱོལ་བ། གཞི་རིམ་འཁོར་སྐྱོད་རིགས་ལ་མ་དངུལ་སྒོར་ཁྲི་7901དོན་ཐོག་ཏུ་འཁྱོལ་བ་དང་། རྒྱུན་རྣམ་དང་ཡུན་ཕན་གྱི་རིམས་འགོག་རིགས་ལ་མ་དངུལ་སྒོར་ཁྲི་487.61དོན་ཐོག་ཏུ་འཁྱོལ་ཡོད།

         ཀྲུང་དབྱང་གིས་བཏང་བའི་མ་དངུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། འབར་ཁམས་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་ཀྲུང་དབྱང་ཐད་གཏོང་མ་དངུལ་ལས་དོན་ཚ་ཆུང་བཙུགས་ནས་ཐད་གཏོང་མ་དངུལ་དོ་དམ་ལས་དོན་སྐུལ་སྤེལ་བཏང་སྟེ། མ་དངུལ་ཐད་ཀར་གཞི་རིམ་དུ་འབྱོར་བ་དང་། ཐད་ཀར་ཁེ་ལས་དང་དམངས་ལ་ཕན་ཐུབ་པར་འགན་ལེན་བྱས། དེ་དང་ཆབས་ཅིག་ནོར་སྲིད་མ་དངུལ་གཅིག་གྱུར་གྱིས་བཀོད་གཏོང་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། ཐད་གཏོང་མ་དངུལ་བགོ་བཤའ་དང་། གཏོང་སྤྲོད། བེད་སྤྱོད་སོགས་ཚད་ལྡན་དུ་བཏང་ལ། ཐད་གཏོང་མ་དངུལ་གྱི་བགོ་བཤའི་ལས་དོན་ལེགས་པོ་བསྒྲུབས་པར་མ་ཟད། དུས་ཐོག་ཏུ་མ་དངུལ་གྱི་བེད་སྤྱོད་གནས་ཚུལ་རྒྱུས་ལོན་བྱས། ཐད་གཏོང་མ་དངུལ་བགོ་བཤའ་དང་། གཤམ་སྤྲོད། གཏོང་སྤྲོད། ཞིབ་རྩིས། ལྟ་ཞིབ་ཚད་ལེན། ཆ་འཕྲིན་ཡོངས་བསྒྲགས་སོགས་ཀྱི་ལས་ཀའི་ལམ་སྲོལ་གཅིག་གྱུར་འཆར་འགོད་ཀྱིས་ཞིབ་འཇུག་དང་ལག་བསྟར་བྱས་ནས། མ་དངུལ་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱས་པར་མ་ཟད། མ་དངུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་སོ།། 

རྩོམ་སྒྲིག་པ།  གཡུ་འཛོམས།