སྙན་ངག་དུང་ཕྱུར་བརྒྱ།

རྩོམ་པ་པོ།   རྔ་འོད། དུས་ཚོད།   2020-11-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

རྨི་ལམ་གྱི་གཤོག་ཟུང་།

འོད་སྣང་གིས་ཐུམ།

ཤེས་རབ་ཀྱི་ལྷ་མོ།

བསླུ་བྲིད་ཀྱི་རྒྱུ།

རྙིང་སོང་བའི་རང་ཉིད།

བོར་སོང་བའི་རང་ཉིད།

བཙའ་ཆགས་པའི་རང་ཉིད།

རྙིད་སོང་བའི་རང་ཉིད།

སྙན་ངག་དུང་ཕྱུར་བརྒྱ་བྲིས་རྗེས།

ངས་རང་ཉིད་རྙེད་སྲིད།

ཧམ་སེམས་ཀྱི་སྤྲིན་པས།

སྙན་ངག་གི་རྩྭ་ཐང་དུ་ཆུ་ལོག་བཏང་།

རྣམ་ཤེས་ཀྱི་གཙང་བོ།

ཡིད་སེམས་ལྷོད་ལྷོད་ཀྱིས་བཞུར།

སྙན་ངག་དུང་ཕྱུར་བརྒྱ་བཀླགས་རྗེས།

རང་ཉིད་ཤི་སོང་བར་འཚོལ།

སྒྱུ་རྩལ་དུ་སྐྱབས་པའི་ཡུལ་གྱར་བ།

སྙན་ངག་གི་དཔེ་དེབ་ཏུ་འཐིམ།

ལུས་ཀྱི་ཤ་ཁྲག

སྙན་ངག་གི་ཐ་སྙད་དང་མཚོན་དོན་དུ་གྱུར།

སྙན་ངག་གཅིག་ལས་མ་བྲིས།

སྙན་ངག་དུང་ཕྱུར་བརྒྱ་ཡི་རིན་ཐང་ལྡན།

སྙན་ངག་དུང་ཕྱུར་བརྒྱ་བྲིས།

ཚོར་བའི་ཟིན་པ་གཅིག་ཀྱང་མེད།

རྩོམ་སྒྲིག་པ།  གཡུ་འཛོམས།