སྐྱེ་བ་ད་རེས།

རྩོམ་པ་པོ།   ཞོགས་ཆར། དུས་ཚོད།   2020-11-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

སྐྱེ་བ་ད་རེས།

ང་རང་སྟོན་མཇུག་གི་སྡོང་ལོ་བཞིན།

བག་ཡངས་དང་ལྷོད་ཆགས་བྲལ་བའི་གནས་ཤིག་ཏུ།

ཉི་འོད་ལ་རེ་བའི་བྱེའུ་བཞིན།

རེ་སྒུག་གི་གཟེབ་ཏུ་ཚུད་དུས།

ང་ནི་ཧ་ཅང་ཉམས་ཆུང་བའི་ཟོལ་གྱིས།

གུ་ཡངས་སྒམ་དཀྱེལ་གྱི་ལུགས་སྲོལ་ལ།

རྒོད་རྒོད་བཙན་བཙན་གྱིས་བསླབས།

གང་ལྟར་སྐྱེ་བ་འདིར།

ངས་ཆོབ་ཚ་བའི་གླེན་རྟགས་ལ།

བསླུ་བྲིད་ཀྱི་ལྕགས་ཀྱུ་ཡང་ཡང་ཐེབས་པས།

ཡིད་ཆེས་ཀྱི་ཉི་མ་འཆར་ཐབས་རང་མི་འདུག

གང་ལྟར་སྐྱེ་བ་འདིར།

ང་ལ་ཡོད་པ་ནི་སྙན་ངག་དང་སྙན་ངག་གི་བསྩལ་པའི་སྤྲོ་བ་ཁོ་ནའོ།།

རྩོམ་སྒྲིག་པ།  གཡུ་འཛོམས།