མེས་པོའི་ཤུལ་བཞག ཧོར་གྱི་བཀའ་བསྟན་རྡོ་བརྐོས།

རྩོམ་པ་པོ།   ཀོ་དོ་མཁན་པོ་དང་ནོར་བུ་ཚེ་རིང་།དུས་ཚོད།   2020-11-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

            ཧོར་གྱི་བཀའ་བསྟན་རྡོ་བརྐོས་ཀྱི་རྩིག་པའི་མཐོ་ཚད་ལ་སྨི་3དང་རིང་ཚད་ལ་སྨི་200ཡོད་པས། 2013ལོའི་ཟླ་5བར། སྐབས་བདུན་པའི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུབ་སྐྱོབ་སྡེ་ཁག་ཏུ་བདམས། ཡུལ་འདིའི་མི་རྣམས་ཀྱིས་ལོ་རྒྱུས་ཀྱི་འཕོ་འགྱུར་ཁྲོད་རང་ཉིད་ཀྱི་བློ་གྲོས་ལ་བརྟེན་ནས། བོད་རིགས་ས་ཁུལ་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་བརྐོས་དཀྲོལ་བྱེད་ཐབས་ཤིག་བཏོད་ནས། ས་ཁུལ་གཞན་པའམ་མི་རིགས་གཞན་དང་འདྲ་བར་གཞི་ཁྱོན་ཆེ་བའི་བརྐོས་བརྙན་མེད་ཀྱང་། ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་དོན་སྙིང་མངོན་པར་བྱས་ཡོད།

ས་མཐོའི་ཉི་འོད་དང་ལྷགས་རླུང་གི་རྩུབ་བརྡར་གྱིས།

རང་བྱུང་གི་རྡོ་བར་ཞུན་བརྡར་ཇི་འདྲ་བྱས་ཀྱང་།

དད་འདུན་གྱི་སྙིང་རུས་ཀྱིས་ཆོས་ཀྱི་བྱིན་རླབས་འཁུར་བའི་ཡིག་འབྲུ་རེ་རེ་རྡོ་བར་བརྐོས།

རྡོ་བར་བརྐོས་པའི་ཡིག་འབྲུ་རེ་རེ་ལས་མཐོ་སྒང་འདིའི་དཔལ་ཡོན་རྣམ་པར་བཀྲམས་ཡོད། 

རྒྱང་རིང་ཡུལ་ནས་གངས་རིའི་འདབས་ལ་ཕེབས་མཁན་དེ་ཁྱོད་རང་ཡིན་ན།

གངས་རིའི་འདབས་ནས་ཐོག་མར་མིག་ལ་འཆར་བ་ནི་རྡོ་བརྐོས་ཡིན་ངེས།

རྡོ་བརྐོས་སྒྱུ་རྩལ་གྱི་བརྩམས་ཆོས་མང་པོས་ཁྱེད་ཀྱི་ཡིད་དབང་འཕྲོག་ངེས་ན།

སྒྲིག་པ་པོས་ཁྱེད་ལ་རྡོ་བརྐོས་གྲགས་ཅན་ཞིག་ངོ་སྤྲོད་བྱ།

དེ་ནི། མཚོ་སྔོན་རྨ་ལྷོ་རྩེ་ཁོག་གི་ཧོར་གྱི་བཀའ་བསྟན་རྡོ་བརྐོས་ཡིན་ནོ།།

རྩེ་ཁོག་རྫོང་ནས་ནུབ་ཏུ་སྤྱི་ལེ་90སོང་ན།

ཧོར་ཡུལ་ཚོའི་སྲིད་གཞུང་ནས་ལྷོ་རུ་སྤྱི་ལེ་2སོང་ན།

ས་མཐོའི་ང་རྒྱལ་དང་ཁེངས་དྲེག་འཁུར་བའི་རྡོ་ཡི་གླེགས་བམ།

མཐོ་ལ་རིངས་པའི་གླེགས་བམ་གྱི་རྩིག་པ།

རྩིག་པའི་ངོས་ཀྱི་དབྱངས་གསལ་གྱི་ང་རོ།

ང་རོའི་གསེབ་ཀྱི་ཤེས་རབ་དང་སྙིང་རྗེ་ཡིས།

རྒྱང་རིང་བའི་འགྲུལ་བཞུད་ཀྱི་ངལ་བ་སྐད་ཅིག་སྐད་ཅིག་སྐད་ཅིག་ལ་གཞོམ་འགྲོ།

གསར་འགོད་པ་2020ལོའི་བོད་སྐད་ཡིག་བརྡ་ཆད་གཅིག་གྱུར་གྱི་ཆེད་མཁས་པ་དང་ལྷན་དུ་གནས་འདིར་འབྱོར་དུས།

ཧོར་གྱི་བཀའ་བསྟན་རྡོ་བརྐོས་སྒྱུ་རྩལ་ལ་ལོ་རྒྱུས་ཀྱི་ཡུན་རིང་བ་མཐོང་།

ཧ་ལམ་དུས་རབས་བཅོ་བརྒྱད་པའི་གོང་དུ་ཡུལ་འདི་གར་སྟབས་བདེའི་རྡོ་བརྐོས་ཡོད། 

རྡོ་བརྐོས་བརྒྱུད་རིམ་ཁྲོད་མཐོ་སྒང་གི་ཁྱད་པར་ཅན་གྱི་རང་བྱུང་ས་ཁམས་ཁོར་ཡུག་དང་།

བབ་ཆགས་པའི་ཡུལ་སྲོལ་གོམས་གཤིས་ཀྱིས་རྡོ་བརྐོས་སྒྱུ་རྩལ་གྲུབ་པར་རྨང་གཞི་མཁོ་འདོན་བྱས་ཡོད།

དམངས་ཁྲོད་ཀྱི་དད་མོས་ནི་རྡོ་བརྐོས་རིག་གནས་གྲུབ་པ་དང་འཕེལ་རྒྱས་ཀྱི་རྨང་རྡོ་དང་འབྱུང་རྩར་ཆགས་ཡོད་པས།

དམངས་ཁྲོད་ཀྱི་རྡོ་བརྐོས་ལ་ད་ལྟའི་བར་དུ་གདོད་མའི་སྐྱེ་ཁམས་ཀྱི་ཁྱད་ཆོས་སོར་གནས་བྱས་ཡོད། 

བཀའ་བསྟན་རྡོ་བརྐོས།

         རྡོ་རྒྱུ་རང་ངོས་ཀྱི་གཟུགས་དབྱིབས་དང་སྒྱུ་རྩལ་གསར་རྩོམ་གྱི་བསམ་བློ་དང་བརྩེ་དུང་གིས་སྤྱི་ཚོགས་ཀྱི་འཚོ་བ་མཚོན་པར་བྱས་ཡོད་ལ། གནའ་བོའི་རིག་གནས་ཁྱབ་སྤེལ་དང་དེང་གི་རིག་གནས་ཡུན་རིང་གནས་པའི་གཞི་རྟེན་དང་སྨྱན་བྱེད་དུ་གྱུར་ནས། ཡུལ་འདིའ་ལྗོངས་སྐོར་བྱ་གཞག་གི་མཚོན་རྟགས་གལ་ཆེན་དུ་གྱུར་ཡོད།

རྩོམ་སྒྲིག་པ།  གཡུ་འཛོམས།