སྐབས་བཅུ་གཉིས་པའི་ཁུལ་མི་དམངས་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་47པ་འཚོགས།

རྩོམ་པ་པོ།   དུས་ཚོད།   2020-11-20   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

       རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། སྐབས་བཅུ་གཉིས་པའི་ཁུལ་མི་དམངས་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་47པ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་གིས་གྲོས་ཚོགས་ཀྱི་གཙོ་འགན་བཞེས་ཤིང་། གྲོས་ཚོགས་ལས་གསར་དུ་བཟོ་བཅོས་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཟའ་བཏུང་བདེ་འཇགས་ཀྱི་བཅའ་ཁྲིམས་ལག་བསྟར་གྱི་སྲོལ་ཡིག》སློབ་སྦྱོང་བྱས་ཤིང་། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་བའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།

        དེ་མིན་གྲོས་ཚོགས་ལས《ཁུལ་ཡོངས་ཀྱི་ནག་རྡུང་གཤེད་འཇོམས་ཀྱི་ཆེད་དོན་འཐབ་རྩོད་གནས་ཚུལ་སྐོར་གྱི་སྙན་ཞུ》དང《དབུལ་བྲལ་གནད་སྒྲོལ་གནས་ཚུལ་སྐོར་གྱི་སྙན་ཞུ》བཅས་ལ་གསན་པར་མ་ཟད། དོན་ཚན་གཞན་དག་ལ་གྲོས་སྡུར་དང་ཞིབ་འཇུག་བྱས།

         ད་དུང་གྲོས་ཚོགས་ལས་ལྔ་འཆར་བཅུ་བཞི་བའི་འཆར་འགོད་ཇེ་མགྱོགས་སུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་དང་སྲིད་གཙང་འཛུགས་སྐྲུན། ཆུ་གློག་ཆུང་གྲས་གཙང་བཤེར་སོགས་ཀྱི་ལས་དོན་གལ་ཆེན་དག་ལ་བཀོད་འདོམས་བྱས་ཡོད།

རྩོམ་སྒྲིག་པ།  གཡུ་འཛོམས།