བྱིས་པའི་སྐད་བརྡའི་སློབ་གསོ།

རྩོམ་པ་པོ།   དུས་ཚོད།   2020-11-19   རྩོམ་ཁུངས།    རྔ་བའི་རྒྱང་སྒྲོག་བརྙན་འཕྲིན་ཁང་།

       བྱིས་པའི་གམ་དུ་མི་གཞན་ལ་ཁ་བརྡ་བྱེད་དུས་ཀྱང་སྐད་ཆ་དག་མོར་བཤད་རྒྱུ་སོགས་ཧ་ཅང་གལ་ཆེ་ལ། ཕ་མས་ནམ་རྒྱུན་བྱིས་པའི་སྐད་ཆའི་སློབ་གསོ་གཙོར་བཟུང་སྟེ། བྱིས་པ་ལ་སྐད་ཆ་མང་པོ་བསླབ་རྒྱུ་ནི་གལ་ཆེན་པོ་ཞིག་རེད།

ངོ་སྤྲོད།

           བྱིས་པའི་གམ་དུ་མི་གཞན་ལ་ཁ་བརྡ་བྱེད་དུས་ཀྱང་སྐད་ཆ་དག་མོར་བཤད་རྒྱུ་སོགས་ཧ་ཅང་གལ་ཆེ་ལ། ཕ་མས་ནམ་རྒྱུན་བྱིས་པའི་སྐད་ཆའི་སློབ་གསོ་གཙོར་བཟུང་སྟེ། བྱིས་པ་ལ་སྐད་ཆ་མང་པོ་བསླབ་རྒྱུ་ནི་གལ་ཆེན་པོ་ཞིག་རེད། ཁྱིམ་ཚང་སློབ་གསོའི་ཚད་གཞི་མི་འདྲ་བ་དང་ཕ་མས་རང་གི་བྱིས་པའི་སྐད་ཆའི་སློབ་གསོ་གཙིགས་ཆེན་བྱས་མ་བྱས་ལ་ཁྱད་པར་ཆེན་པོ་ཡོད་དེ། དཔེར་ན། བྱིས་པ་ལ་ལས་ལོ་གསུམ་ལ་སོན་མ་ཐག་ནས་སྐད་ཆ་མང་པོ་བཤད་ཐུབ་ལ། བྱིས་པ་ལ་ལས་ལོ་ལྔ་ནས་དྲུག་གི་བར་དུ་ཡང་སྐད་ཆ་ལྡབ་ལྡིབ་ཙམ་ལས་བཤད་ཤེས་ཀྱི་མེད་ལ་སྐད་ཆའི་སྤུས་ཚད་ཐད་ནས་ཀྱང་བཟང་ངན་མི་འདྲ་བ་མང་པོ་འབྱུང་བཞིན་ཡོད་པ་ལྟ་བུ་རེད།

ལད་ཟློས་ཆེ་བ།

          བྱིས་པའི་དུས་ཀྱི་སྐད་ཆ་ནི་གཞན་ལ་ལད་ཟློས་ཀྱི་དབང་གིས་འབྱུང་བཞིན་ཡོད་པས། དགེ་རྒན་གྱིས་འབྲི་དེབ་ལ本子ཟེར་བ་ཡིན་ན་བྱིས་པས་ཀྱང本子ཞེས་ཟེར་བ་དང་། ཅོག་ཙེ་ལ桌子ཟེར་བ་ཡིན་ན་བྱིས་པས་ཀྱང桌子ཟེར་ནས་འབོད་པས་དགེ་རྒན་རྣམས་ཀྱིས་ནམ་རྒྱུན་བྱིས་པ་དང་འབྲེལ་འདྲིས་བྱེད་སྐབས་སྐད་རིགས་མཉམ་བསྲེས་བྱས་ནས་བཤད་པ་སོགས་གཏན་ནས་བྱེད་མི་རུང་ལ།

སྐད་ཆ་སྦྱོང་བརྡར།

          བྱིས་པའི་དུས་སྐབས་ནི་སྐད་ཆའི་སྦྱོང་བརྡར་གྱི་དུས་སྐབས་ཤིག་ཡིན་པས་ཕ་མ་དང་དགེ་རྒན། བྱིས་པ་སོ་སོའི་བར་གྱི་འབྲེལ་འདྲིས་དང་བསྟུན་ནས་སྐད་ཆའི་རྒྱུ་ཆ་ཡང་རིམ་བཞིན་ཇེ་མང་དུ་འགྲོ་བ་ཞིག་ཡིན་པས། དགེ་རྒན་གྱིས་བྱིས་པར་དགའ་སྣང་ཡོད་པ་དང་། མཉམ་འཇོག་བྱེད་པའི་དངོས་པོ་དག་ལ་འབྲེལ་འདྲིས་བྱེད་དུ་འཇུག་པ། བྱིས་པ་ཕན་ཚུན་བར་ལ་གཏམ་རྒྱུད་བཤད་དུ་བཅུག་སྟེ་བྱིས་པའི་སྐད་ཆའི་སློབ་གསོ་འཕེལ་རྒྱས་སུ་གཏོང་བར་འབད་བརྩོན་བྱེད་དགོས།

རྩོམ་སྒྲིག་པ།  གཡུ་འཛོམས།