ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་དབུལ་བྲལ་གྱི་ལས་ལ་རམ་འདེགས་བྱས།

རྩོམ་པ་པོ།   གསང་བདག་སྒྲོལ་མ། དུས་ཚོད།   2020-11-13   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

              རིགས་མཐུན་རོགས་སྐྱོར་གྱི་ལས་དོན་སྤེལ་བ་ནས་བཟུང་། སི་ཁྲོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་རྣམ་གྲངས་མ་དངུལ་དང་། རིག་ནུས་རྒྱབ་སྐྱོར། ངལ་ནུས་མཉམ་ལས། ཐོན་ལས་མཉམ་འབྲེལ་སོགས་ཀྱི་ཐད་ནས་ཟུང་ཆུ་རྫོང་ལ་རོགས་སྐྱོར་བྱས་ཤིང་། བསྡོམས་རྩིས་བྱས་པ་ལྟར་ན། སི་ཁྲོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་རོགས་སྐྱོར་མ་དངུལ་སྒོར་ཁྲི་4793བཏང་ཡོད་པ་དང་། ཟུང་ཆུ་རྫོང་གི་ཡུལ་ཚོ་དང་གྲོང་རྡལ་9། གྲོང་སྡེ་19རུ་རོགས་སྐྱོར་རྣམ་གྲངས་30ལྷག་ལག་བསྟར་བྱས་ནས། ཟུང་ཆུ་རྫོང་གི་དབུལ་བྲལ་གནད་སྒྲོལ་གྱི་ལས་ལ་རམ་འདེགས་བྱས།

          རྨང་གཞི་བརྟན་དུ་བཏང་བ་དང་གྲོང་གསེབ་དར་བ་བྱས་ནས་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་ལེགས་སུ་ཕྱིན། དབུལ་བྲལ་གནད་སྒྲོལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་སྤེལ་གཏང་བར་རྒྱུན་འཁྱོངས་བྱས་ནས། གྲོང་སྡེ་དབུལ་བོ་དང་མང་ཚོགས་ཀྱི་འགྲོ་འོང་དཀའ་བའི་གནད་དོན་བསལ་བ་དང་། སྤྱིའི་ཞབས་ཞུ་འཐུས་སྒོ་ཇེ་ཚང་དུ་བཏང་ནས་མང་ཚོགས་ལ་ཡུན་ཕན་གྱི་རྨང་གཞིའི་སྒྲིག་བཀོད་ཁག་གཅིག་བསྐྲུན་ཡོད།

         ཐོན་ལས་ལ་རོགས་རམ་དང་ལས་ཞུགས་ལ་རོགས་སྐྱོར་བྱས་ནས་རང་བརྟེན་གྱི་ནུས་པ་ཆེ་རུ་བཏང་། སྐྱེ་ཁམས་ཐོན་ལས་ལ་གཞིར་བཟུང་ནས་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་ཞིང་། རོགས་སྐྱོར་མ་དངུལ་སྒོར་ཁྲི་140ལྷག་བཏང་ནས་གཙོ་ཚང་སྒུ་གྲོང་རྡལ་ཅིན་ཕེ་གྲོང་སྡེའི་ཞའོ་ཧྲན་ལིའང་ལྗོངས་སྐོར་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་དང་། ཅན་ཁུ་ཆི་ཁོར་ཡུག་འཕྲོད་བསྟེན་ཞབས་ཞུ་ཀུང་སི། ཅིན་ཕེ་སྐྱེ་དངོས་སྐྱེ་ལྡན་ལུད་བཟོ་གྲྭའི་ཐུན་མོང་དཔལ་འབྱོར་གྱི་རྣམ་གྲངས་3ལ་རྒྱབ་སྐྱོར་བྱས་པ་དང་། ཤིང་ཏོག་དང་སྐྱེ་ཁམས་ལྗོངས་སྐོར་ཟུང་འབྲེལ་བྱས་ནས་མཐོ་སྒང་གི་སྐྱེ་ལྡན་འབྲི་ཏ་ས་འཛིན་བཙུགས་ནས། སྐྱེ་ཁམས་ཤིང་ཏོག་འཐོག་པའི་ཉམས་ལེན་གླིང་བསྐྲུན་ནས་བོད་ཕག་དང་ནོར་གནག་གསོ་སྤེལ་འཕེལ་རྒྱས་སུ་བཏང་བ་དང་ཆབས་ཅིག ས་གནས་ཀྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་རིན་ཐང་སྒོར་ཁྲི་50ལྷག་བཙོངས་རོགས་བྱས།

         ཤེས་ལྡན་མི་སྣ་མངགས་པ་དང་ལག་རྩལ་ཁྲིད་ནས་རིག་ནུས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་། མི་ཐེངས་69རྩ་འཛུགས་བྱས་ནས་ཟུང་ཆུ་རྫོང་དུ་བརྟག་ཞིབ་དང་ལག་རྩལ་མཛུབ་ཁྲིད་བྱེད་པ་དང་། ཕུལ་བྱུང་ལས་བྱེད་པ་21བདམས་ནས་གྲོང་སྡེར་བཅའ་སྡོད་ལས་དོན་ཚོ་ཆུང་གི་འགན་ཁུར། ལྷོ་ནུབ་ཚན་རྩལ་སློབ་ཆེན་དང་མཉམ་དུ་ཟུང་ཆུ་རྫོང་གི་གྲོང་སྡེ་དབུལ་བོའི་ཧྲུའུ་ཅི་དང་བོ(གྲོང་སྡོད་ལས་བྱེད་པ་)ལ་གསོ་སྦྱོང་སྤེལ་བ་དང་། སྔ་རྗེས་སུ་མི་ཐེངས་200ལྷག་ལ་གསོ་སྦྱོང་བྱས་ནས་ཧྲུའུ་ཅི་དང་བོ་དང་གྲོང་སྡོད་ལས་བྱེད་པའི་ཕྱུག་འགྱུར་གྱི་ནུས་པ་ཆེ་རུ་བཏང་ལ། གནས་ཡུལ་གཏན་འཁེལ་གྱི་རོགས་སྐྱོར་གྲོང་སྡེར་འཚམས་འདྲི་ཐེངས་40ལྷག་བྱས་པ་དང་། སྲིང་བལ་ཉལ་ཆས་དང་། གྲོ་ཕྱེ་སྣུམ་སོགས་འཚམས་འདྲིའི་དངོས་རྫས་སྟེར་ཡོད་དོ།། 

རྩོམ་སྒྲིག་པ།  གཡུ་འཛོམས།