ལིས་རྫོང་གི་རི་སྐེད་སྔོ་ཚལ་དང་ཤིང་ཏོག་ལ་ཐོན་ལེགས་བྱུང་།

རྩོམ་པ་པོ།   གསང་བདག་སྒྲོལ་མས་བསྒྱུར།དུས་ཚོད།   2020-11-11   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

              ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་དང་རིགས་མཐུན་རོགས་སྐྱོར་གྱི་ལས་དོན་སྤེལ་བ་ནས་བཟུང་། ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་དང་ཡུང་ཁང་གྲོང་ཁྱེར་གྱིས་ལིས་རྫོང་གི་རི་སྐེད་ཐོན་ལས་ཀྱི་འཕེལ་རྒྱས་ལ་དམིགས་ཏེ། ཐོན་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱས་ནས་རི་སྐེད་ཀྱི་སྔོ་ཚལ་དང་ཤིང་ཏོག་གི་རྟེན་གཞི་བསྐྲུན་པ་དང་། མང་ཚོགས་ཀྱི་ཡོང་འབབ་སྒོར་ཁྲི་950འཕར་བ་བྱས་ལ། ས་གནས་ཀྱི་ཁྱིམ་ཚང་906དང་མང་ཚོགས་3419ལ་ཕན་བཏགས་ཡོད།

             ཉེ་བའི་ལོ་ཤས་རིང་། ཀྲེ་ཅང་ཞིང་ཆེན་ཅིན་ཧྭ་གྲོང་ཁྱེར་གྱིས་རོགས་སྐྱོར་འོག ལིས་རྫོང་གི་རི་སྐེད་སྔོ་ཚལ་དང་ཤིང་ཏོག་གི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་བཏང་ནས་རི་སྐེད་ཀྱི་ཞིང་ཁྱིམ་དབུལ་ཕོངས་ལས་བསྒྲལ་རོགས་བྱས། མིག་སྔར། ཡུང་ཁང་གྲོང་ཁྱེར་དང་ཏུང་དབྱང་གྲོང་ཁྱེར་སོགས་རིགས་མཐུན་རོགས་སྐྱོར་ས་ཁུལ་གྱིས་རོགས་སྐྱོར་འོག ལིས་རྫོང་གི་རི་སྐེད་ཀྱི་ཞིང་ས་མུའུ་ཁྲི་3ལ་ཕན་འབྲས་ཐོབ་ནས་མང་ཚོགས་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་ཡོད།

             ཞིང་བ་དབྱང་ཝེ་ནི་ཕན་འབྲས་ཐོབ་མཁན་གྱི་གྲས་ཤིག་ཡིན། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་ཀྱི་གོ་སྐབས་དང་བསྟུན། དབྱང་ཝེ་ཡིས་སྲེའུ་མངར་དང་ལི་སོབ་སྡོང་བོ་བཙུགས་པར་མ་ཟད། འཛུགས་ཁྱོན་ཇེ་ཆེར་བཏང་བ་དང་། སྔ་རྗེས་སུ་ཡུང་ཁང་གྲོང་ཁྱེར་དང་ཡུང་དབྱང་གྲོང་ཁྱེར་དུ་སོང་ནས་ཤིང་ཏོག་ཀུ་ཤུའི་སྡོང་བོ་འཛུགས་ཚུལ་སྦྱངས་ལ། 2019ལོར་ཁོང་ཚང་གི་ཤིང་ཏོག་བཙོངས་ནས་ཡོང་འབབ་སྒོར་ཁྲི་40ལས་བརྒལ་ཡོད་དོ།།

རྩོམ་སྒྲིག་པ།  གཡུ་འཛོམས།