བཙན་ལྷ་རྫོང་གིས་རྒྱུད་མཐུད་པའི་ངང་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་།

རྩོམ་པ་པོ།   གསང་བདག་སྒྲོལ་མས་བསྒྱུར།དུས་ཚོད།   2020-11-11   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

               ད་ལོ་ནས་བཟུང་། བཙན་ལྷ་རྫོང་གིས་གྲོང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་ཤུགས་ཇེ་ཆེར་བཏང་སྟེ། གྲོང་སྡེའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་འཕར་བའི་ནུས་པ་ཇེ་མཐོ་རུ་བཏང་།

               ཟླ་9བའི་ཟླ་མཇུག་བར་དུ་བཙན་ལྷ་རྫོང་གིས་མ་དངུལ་སྒོར་ཁྲི་26.8བཏང་ནས་མི་ཕམ་ཡུལ་ཚོ་ཆིང་ཁྲུན་གྲོང་སྡེའི་ཐུན་མོང་དཔལ་འབྱོར་ཏེ་ལས་སྣོན་བཟོ་གྲྭའི་སྒྲིག་བཀོད་འཛུགས་བསྐྲུན་བྱས་པ་དང་། མ་དངུལ་སྒོར་ཁྲི་80བཏང་ནས་ཧ་ཉུང་ཡུལ་ཚོ་ཀྱོ་མོ་གྲོང་སྡེའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་རོགས་བྱས་ལ། ལོ་མཇུག་ཏུ་ནོར་གནག་80བཤས་ཁོངས་སུ་གཏོང་ཐུབ་པ་དང་། གྲོང་སྡེ་ཡོངས་སུ་ནོར་གནག་བོགས་མར་གཏོང་བ་སོགས་ཐུན་མོང་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་རགས་ཙམ་ཆགས་ཡོད་ལ། མ་དངུལ་སྒོར་ཁྲི་80བཏང་ནས་ཆེ་ལུང་ཡུལ་ཚོ་ཏ་ཀོའུ་གྲོང་སྡེའི་ཐུན་མོང་དཔལ་འབྱོར་ཏེ་ནོར་གནག་འཚོ་སྐྱོང་གི་ཐོན་ལས་འཕེལ་རྒྱས་སུ་གཏོང་རོགས་བྱས། མ་དངུལ་སྒོར་ཁྲི་80གཏོང་ནས་པ་ཅའོ་གྲོང་རྡལ་ཐའེ་དབྱང་ཀོའུ་གྲོང་སྡེའི་ཐུན་མོང་དཔལ་འབྱོར་ཏེ་ཞིང་ལས་ཁྱད་ལྡན་ཐོན་རྫས་བཙོང་ས་བསྐྲུན་རོགས་བྱས་པ་དང་། མ་དངུལ་སྒོར་ཁྲི་80བཏང་ནས་མེ་ཞིན་གྲོང་རྡལ་ལའོ་ཡིང་གྲོང་སྡེའི་ཐུན་མོང་དཔལ་འབྱོར་ཏེ་ཤིང་ཏོག་གི་ཐོན་ལས་འཕེལ་རྒྱས་སུ་གཏོང་རོགས་བྱས་ལ། མ་དངུལ་སྒོར་ཁྲི་38.9བཏང་ནས་མི་ཝོ་ཡུལ་ཚོ་ཧྭ་ཉིའུ་གྲོང་སྡེའི་ཐུན་མོང་དཔལ་འབྱོར་ཏེ་ཚད་ལྡན་ཅན་གྱི་ནོར་གནག་གསོ་སྤེལ་འཕེལ་རྒྱས་སུ་གཏོང་རོགས་བྱས་སོ།།

རྩོམ་སྒྲིག་པ།  གཡུ་འཛོམས།