གྱེས་ཁའི་སེམས་གཅོང་།

རྩོམ་པ་པོ།   ལྷ་ཆབ། དུས་ཚོད།   2020-11-10   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

ལུས་པོ་སྤང་ལ་བསྙེས་ཏེ།

ཕན་ཚུན་མེ་རུ་སྤར་ཚུལ།།

གང་གིས་འགྲེལ་ཐབས་མེད་ཀྱང་།།

ཡིད་ལ་གཤོག་པ་ཐོགས་ནས།།

བས་མཐའ་ཉུལ་ནས་བུད་ཐལ།།

མགོ་བོ་སྔས་ལ་གླན་ཏེ།།

རྨི་ལམ་ཞིང་ལ་བསླེབས་དུས།།

སད་དང་བསེར་བུས་བཅོམ་པའི།།

བརྩེ་བ་ནད་པ་ཞིག་གིས།།

ང་ལ་ཁམས་འདྲི་གནང་བྱུང་།།

གྱེས་བྲལ་གཏོང་འདོད་མེད་ཀྱང་།།

སོ་སོའི་ལམ་ཁ་ཞིག་གིས།།

ཁ་ཁར་གྱེས་དགོས་ཐུག་དུས།།

མིག་ཆུའི་གཏམ་རྒྱུད་ཅིག་གིས།།

ང་ལ་ཞལ་འདྲི་གནང་བྱུང་།།

རྩོམ་སྒྲིག་པ།  གཡུ་འཛོམས།