ཁུལ་མེ་གསོད་རུ་ཁག་གིས་ས་འགུལ་གྱི་འཁྲབ་སྦྱོང་བྱེད་སྒོ་སྤེལ།

རྩོམ་པ་པོ།   ཚེ་རིང་ལྷ་མོ།དུས་ཚོད།   2020-11-10   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

              རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཟླ་11ཚེས་4ཉིན། རྔ་བ་ཁུལ་གྱི་མེ་གསོད་རོགས་སྐྱོབ་རུ་ཁག་གིས་མངའ་ཁོངས་ཀྱི་གནོད་སྐྱོན་ཆེ་གྲས་ལས་མྱུར་སྐྱོབ་དང་མཚོ་ལས་མཐོ་ཚད་མཐོ་བའི་ས་གནས་ཀྱི་ས་འགུལ་རོགས་སྐྱོབ་འགན་ཁུར་དངོས་ལ་རྐང་བཙུགས་ཏེ། ཁུལ་ཡོངས་ཀྱི་མེ་གསོད་རོགས་སྐྱོབ་རུ་ཁག་རྩ་འཛུགས་བྱས་ནས། ས་འགུལ་གྱི་བབ་བསྟུན་རོགས་སྐྱོབ་སྦྱོང་བརྡར་གྱི་འཁྲབ་སྦྱོང་བྱེད་སྒོ་སྤེལ།

            འཁྲབ་སྦྱོང་དུ་ཟླ་11ཚེས་4ཉིན་གྱི་སྔ་དྲོའི་དུས་ཚོད་10བར། རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་དུ་གནོད་སྐྱོན་ཆེ་བའི་ས་འགུལ་བྱུང་བར་ཆ་འཇོག་བྱས་ཤིང་། འཁྲབ་སྦྱོང་ས་ཁོངས་ཀྱི་ཁང་བ་མང་པོ་འགྱེལ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་གནོད་འཚེ་བཟོས་པར་ལད་ཟློས་བྱས། གནས་ཚུལ་མྱུར་དུ་ཡན་ལག་རུ་ཁག་གི་བཀོད་འདོམས་ལྟེ་གནས་སུ་འབྱོར་ཞིང་། གོང་རིམ་གྱི་བཀའ་ལྟར་དུ། ཡན་ལག་རུ་ཁག་གིས་མགྱོགས་མྱུར་སྒོས་ས་འགུལ་གྱི་བབ་བསྟུན་རོགས་སྐྱོབ་གྱི་བྱེད་ཐབས་ལག་བསྟར་བྱས་པ་སྟེ། མགྱོགས་མྱུར་སྒོས་མེ་གསོད་རུ་མི་200བསྐོ་གཞག་བྱས་ཤིང་། མེ་གསོད་རླངས་འཁོར་25ཡིས་རང་རང་གི་སྒར་ནས་ཆུ་ཚོད་72རིང་ལ་རང་ལུས་འགན་སྲུང་ཐུབ་པའི་དངོས་པོ་དང་། རས་གུར། སྲོག་ལྡན་དངོས་པོར་བརྟག་ཞིབ་བྱེད་པའི་དཔྱད་ཆས། སྙིགས་བསལ་ལྗིད་འདེགས་ཡོ་བྱད་དང་། གློག་ཞུ་སོགས་ཡོ་བྱད་ཀྱི་སྐོར་ཆ་200ཐོགས་ཏེ། འཁྲབ་སྦྱོང་གི་ཡུལ་དངོས་སུ་བསྐྱོད།

          ཐེངས་འདིའི་འཁྲབ་སྦྱོང་གི་གོ་རིམ་ཧྲིལ་བོ་རུ། དོང་ལམ་རོགས་སྐྱོབ་དང་། ཁྲོན་པ་དང་རི་ཁུལ་སོགས་ཀྱི་རོགས་སྐྱོབ། རི་སུལ་དང་ཁང་འོག་སོགས་ཀྱི་རྨས་པ་འཚོལ་ཞིབ་དང་མྱུར་སྐྱོབ་སོགས་འཁྲབ་སྦྱོང་གི་རྣམ་གྲངས་གང་ཡིན་ཡང་། མེ་གསོད་རུ་ཁག་གི་རུ་མི་རྣམས་ནི་ལས་ལ་བྱང་ཞིང་སྙིང་སྟོབས་ལྡན།

རྩོམ་སྒྲིག་པ།  གཡུ་འཛོམས།