ཁྲོ་སྐྱབས་ཆུ་ཤུགས་གློག་འདོན་ཁང་རྣམ་གྲངས་ཀྱི་ལས་གྲྭ་གཙོ་བོ་ཕྱོགས་ཡོངས་ནས་ལས་མགོ་ཚུགས་པ།

རྩོམ་པ་པོ།   བསོད་ནམས་སྐྱིད།དུས་ཚོད།   2020-11-10   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

                 རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར།ཁྲོ་སྐྱབས་ཆུ་ཤུགས་གློག་འདོན་ཁང་གི་ཆུ་འདྲེན་ཕུག་ལམ་ལས་གྲྭ་དེ་ལས་མགོ་ཚུགས་པའི་བཀའ་རྒྱ་དངོས་སུ་བཏང་བ་དེས་ཁྲོ་སྐྱབས་ཆུ་ཤུགས་གློག་འདོན་ཁང་གི་ལས་གྲྭ་གཙོ་བོ་ཕྱོགས་ཡོངས་ནས་ལས་མགོ་ཚུགས་པ་མཚོན་ཡོད།

              ཁྲོ་སྐྱབས་ཆུ་ཤུགས་གློག་འདོན་ཁང་ནི་འཛམ་ཐང་རྫོང་དང་ཆུ་ཆེན་རྫོང་གི་མངའ་ཁོངས་སུ་གནས་ཡོད། དེ་ནི་ཁྲོ་སྐྱབས་གཙང་པོའི་སྐས་རིམ་གསར་སྤེལ་འཆར་འགོད་ཀྱི་རིམ་པ་གསུམ་པ་ཡིན་པ་དང་། ཆུ་འདྲེན་རྣམ་པའི་ཆུ་ཤུགས་གློག་འདོན་ཁང་གསར་སྤེལ་བྱ་ཆེད་རེད། གློག་འདོན་ས་ཚིགས་ཀྱི་ཆུ་འདྲེན་མ་ལག་བཀོད་སྒྲིག་བྱས་ཡོད་ལ། དེའི་ནང་དུ་ཆུ་ལེན་ཁ་དང་། ཆུ་འདྲེན་ཕུག་དོང་། གནོན་ཤུགས་སྦུག་ལམ་སོགས་ཡོད་ཅིང་། ཆུ་འདྲེན་ཕུག་ལམ་གྱི་སྤྱིའི་རིང་ཚད་སྟོང་སྨི་21.185ཡིན་པ་དང་། ཕུག་ལམ་གྱི་བཅད་ཁ་ནི་རྟའི་རྨིག་དབྱིབས་དང་སྒོར་དབྱིབས་ཡིན། གློག་འདོན་ཁང་གི་གློག་འདོན་ཚད་ཆན་ཝ་ཁྲི་39.2ཟིན་ཡོད། འཆར་གཞི་ལྟར་ན་འཕྲུལ་ཆས་རིམ་ཁག་དང་པོའི་གློག་འདོན་དུས་ཚོད་ནི་2024ལོའི་ཟླ་12ཡིན་པ་དང་2025ལོའི་ཟླ་6པར་ཡོངས་སུ་གློག་འདོན་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ།  གཡུ་འཛོམས།