ཁུལ་ཨུས་རྒྱུན་ཨུ་ཁང་གི(རྒྱས་འཛོམས) ཚོགས་འདུ་འཚོགས་པ།

རྩོམ་པ་པོ།   བསོད་ནམས་སྐྱིད་ཀྱིས་བསྒྱུར།དུས་ཚོད།   2020-11-10   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཟླ་11ཚེས་5ཉིན། ཁུལ་ཨུས་རྒྱུན་ཨུ་ཁང་གི(རྒྱས་འཛོམས)ཚོགས་འདུ་འཚོགས་ནས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ཆེད་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས་རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་ལས་དོན་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་ཚོགས་འདུའི་གཙོ་འགན་བཞེས་པ་དང་གསུང་བཤད་གནང་། ཚོགས་འདུའི་ཐོག《ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྤྱི་བསྒྲགས》སློབ་སྦྱོང་ནན་ཏན་བྱས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་ཐོག་གནང་བའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་སྐོར་གྱི་སྙན་ཞུ་དང་། ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལྔ་འཆར་བཅུ་བཞི་བའི་འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་འབེན་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ》དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི《〈རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལྔ་འཆར་བཅུ་བཞི་བའི་འཆར་འགོད་དང་2035ལོའི་རྒྱང་རིང་དམིགས་འབེན་གཏན་འབེབས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་འགོ〉བཅས་ཀྱི་གསལ་བཤད》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། 

རྩོམ་སྒྲིག་པ།  གཡུ་འཛོམས།