ཁུལ་ནགས་ལས་སྨན་ཁང་གི་ཀྲུང་ལུགས་གསོ་རིག་ཚན་ཁག་གི་གཏམ་བཟང་།

རྩོམ་པ་པོ།   དུས་ཚོད།   2020-10-30   རྩོམ་ཁུངས།   

ཁུལ་ནགས་ལས་ལྟེ་བའི་སྨན་ཁང་གི་ཀྲུང་ལུགས་གསོ་རིག་ཚན་ཁག་གིས་གྲུབ་འབྲས་གཡུར་དུ་ཟ་བ་བླངས།

        ཉེ་ཆར། ཁྲེང་ཏུའུ་གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་2020ལོའི་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཀྲུང་ལུགས་གསོ་རིག་གི་གཙོ་གནད་རིག་ཚན་འཛུགས་སྐྲུན་གྱི་ལས་ཁུངས་རྣམས་ཀྱི་མིང་ཐོ་བསྒྲགས། རྔ་བ་ཁུལ་གྱི་ནགས་ལས་ལྟེ་བའི་སྨན་ཁང་གི་ཀྲུང་ལུགས་གསོ་རིག་ཚན་ཁག་དེ་དཔྱད་འདེམས་དང་ཚད་ལེན་གྱི་རིམ་པ་མང་པོ་བརྒྱུད་མཐར། ཡར་ཞུའི་རྣམ་གྲངས་53ལྷག་ལས་གཟེངས་སུ་ཐོན་ཏེ། ཐོབ་ཐང་ཞིབ་བཤེར་དང་ཕྱོགས་བསྡུས་དཔྱད་འཇོག་སོགས་ལས་རྒྱལ་ཅིང་། ཁྲེང་ཏུའུ་གྲོང་ཁྱེར་གྱི་ཀྲུང་ལུགས་གསོ་རིག་གི་གཙོ་གནད་རིག་ཚན་འཛུགས་སྐྲུན་རྣམ་གྲངས་ལ་ཐོ་འགོད་ལེགས་འགྲུབ་བྱུང་། སྨན་ཁང་དེས་སྨན་ཁང་བཙུགས་པ་ནས་བཟུང་གཙོ་གནད་རིག་ཚན་འཛུགས་སྐྲུན་མེད་པའི་ལོ་ཟླ་ལ་རྫོགས་ཚིག་བཀོད་ཅིང་། མི་རིགས་ས་ཁུལ་གྱིས་ཁྲེང་ཏུའུ་གྲོང་ཁྱེར་གྱི་གཙོ་གནད་རིག་ཚན་རྣམ་གྲངས་ཐོ་འགོད་བྱུང་བའི་སྨན་ཁང་ཆེས་ཐོག་མ་དང་གཅིག་པུ་དེར་གྱུར།

        རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་ལུགས་གསོ་རིག་ཚན་ཁག་འཛུགས་སྐྲུན་གྱི་མ་དངུལ་ལ་སྒོར་ཁྲི་400བཏང་བ་དང་། ཚན་ཁག་གི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་2000ལྷག་དང་། ཚན་ཁག་ཏུ་ནད་ཁྲི་91དང་། ཚན་ཁག་ཧྲིལ་བོ་ཐོག་ཁང་གསར་བའི་ནང་སྤར་ཡོད་ཅིང་། ཚན་ཁག་དེ་ལ་ད་སྐབས་སྲོལ་རྒྱུན་གྱི་ལུས་གསོ་ཁང་དང་། རུས་ནད་ཚན་ཁག་གི་ལུས་གསོ་ཁང་། དབང་རྩའི་ནད་གསོ་ཁང་། འཚིག་རྨས་ནད་གསོ་ཁང་སོགས་རིམ་པ་གཉིས་པའི་ཆེད་ལས་བཞི་བཅས་ཡོད།

        ད་སྐབས་ཚན་ཁག་ཏུ་ལས་བཟོ་བ་30ཡོད་ཅིང་། སྨན་པ་11དང་། ནད་བཅོས་མཁན་7 ནད་གཡོག་12བཅས་ཡོད་ཅིང་། དེའི་ནང་དུ་སྨན་པའི་ཀྲུའུ་རེན་1 ཀྲུའུ་རེན་གཞོན་པ3 འབྲིང་རིམ་ལས་གཉེར་བ་5 འབུམས་རམས་པ་1རབ་འབྱམས་པ་1དང་། ཀྲུང་གོའི་མི་རིགས་གསོ་རིག་སྨན་རྫས་མཐུན་ཚོགས་ཀྱི་ལས་འཛིན་པ་1དང་། རྒྱལ་ཁབ་རིམ་པའི་ལུས་གསོ་ཆེད་སྦྱོང་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་2དང་། ཞིང་ཆེན་རིམ་པའི་ལུས་གསོ་ཆེད་སྦྱོང་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་2དང་ཨུ་ཡོན་13 གྲོང་ཁྱེར་རིམ་པའི་ཆེད་སྦྱོང་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་1དང་གྲོང་ཁྱིམ་རིམ་པའི་ཨུ་ཡོན་12བཅས་ཡོད།

        རྒྱུས་ལོན་བྱུང་བ་ལྟར་ན། ན་ནིང་དབྱར་ཁར་གསར་དུ་སྤྱོད་མགོ་བརྩམས་པའི་སྨན་ཁང་འདིའི་ལུས་གསོ་ཐོག་ཁང་དུ། མཉེན་ཆས་སྲ་ཆས་སོགས་ཕྱོགས་གང་ཐད་ནས་འཕེལ་རྒྱས་སུ་བཏང་ཡོད་ལ། སྨན་ཁང་འདིའི་ཀྲུང་ལུགས་གསོ་རིག་ཚན་ཁག་གིས་ཀྲུང་ལུགས་གསོ་རིག་གི་རྩོད་སྒྲུབ་ཀྱི་སྙིང་སྟོབས་རྒྱུད་འཛིན་བྱས་པའི་དུས་མཚུངས་སུ། དེང་རབས་གསོ་རིག་གི་སྨན་བཅོས་ལག་རྩལ་ནང་འདྲེན་བྱེད་པ་མཚམས་ཆད་པ་མེད། ཀྲུང་ལུགས་སྨན་གསོ་ཚན་ཁག་གི་ལས་བཟོ་བ་ཡོངས་ནས་ལོ་གཅིག་གི་རིང་ལ་ནན་ནན་ཏིག་ཏིག་དང་། བློ་གཅིག་སེམས་གཅིག་གིས་ཞིབ་འཇུག་དང་བརྩོན་པ་བླ་ལྷག་བྱས་པའི་སྨན་ཁང་འདིའི་ཀྲུང་ལུགས་གསོ་རིག་དང་། ལུས་གསོ། སྲོལ་རྒྱུན་སྨན་བཅོས་སོགས་གཞི་གཅིག་ཏུ་བྱས་པའི་ཕྱོགས་ཡོངས་ཀྱི་ལག་རྩལ་དང་བྱང་ཚད་མཐོར་འདེགས་བྱུང་བ་ལ། རྒྱ་ཆེ་བའི་མང་ཚོགས་དང་མི་འདོད་ནད་ཀྱིས་མནར་བའི་སྐྱེ་བོ་ཀྱིས་མགྲིན་གཅིག་དབྱངས་གཅིག་གིས་བསྟོད་དབྱངས་ངག་ཏུ་བཀུག་དང་འགུག་བཞིན་མཆིས།



1 སྒོ་བསྟེན་སྨན་བཅོས་ཀྱི་ཁ་པར་ཨང་གྲངས། 

   028-69395828

2 འཕྲལ་བཅོས་ཁ་པར་ཨང་གྲངས།

   028-69395858

3 ས་གནས། ཏུའུ་ཅང་ཡན་གྲོང་ཁྱེར་ཐའེ་ཕིང་སྲང་ལམ་ཨང་རྟགས་445



རྩོམ་སྒྲིག་པ། ཚེ་པེ།