སྟོན་ཁའི་གཟི་རྩ།

རྩོམ་པ་པོ།   དུས་ཚོད།   2020-10-29   རྩོམ་ཁུངས།    མཐོང་སྣང་གི་ཀྲུང་གོ།

         གཟི་རྩ་སྡེ་དགུ་ནི་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ནས་སྤྱི་ལེ400ལྷག་ཡོད་པའི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་གཟི་རྩ་སྡེ་དགུ་རྫོང་དུ་ཡོད། ལུང་བ་དེའི་རིང་ཚད་ལ་སྤྱི་ལེ་དགུ་བཅུ་ལྷག་ཡོད་པ་དང་། ཡུལ་དེའི་ས་ཆ་མང་ཆེ་བར་ནགས་ཚལ་གྱིས་གཡོགས་ཡོད། གཟི་རྩ་སྡེ་དགུར་ཤིང་སྣ་མང་པོ་ཡོད་པར་མ་ཟད། དོམ་ཁྲ་དང་ཤྭ་བ་ཁ་སྐྱ། སྤྲེའུ་སྤུ་སེར་སོགས་རི་དྭགས་རྩ་ཆེན་གྱི་རིགས་ཀྱང་གནས་འདིར་འཚོ་བཞིན་ཡོད་དོ། །





རྩོམ་སྒྲིག་པ།  ཚེ་པེ།