བཙན་ལྷ་རྫོང་གིས་འགྲིམ་འགྲུལ་འཛུགས་སྐྲུན་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་བཏང་།

རྩོམ་པ་པོ།   གསང་བདག་སྒྲོལ་མས་བསྒྱུར།དུས་ཚོད།   2020-10-16   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          ཉེ་བའི་ལོ་ཤས་རིང་། བཙན་ལྷ་རྫོང་གིས་འགྲིམ་འགྲུལ་འཛུགས་སྐྲུན་ལ་བརྟེན་ནས་དབུལ་བྲལ་གནད་སྒྲོལ་དང་གྲོང་གསེབ་དར་སྤེལ་ཡོང་བར་རམ་འདེགས་བྱས།

          མིག་སྔར། བཙན་ལྷ་རྫོང་གིས་གྲོང་གསེབ་ཀྱི་ལམ་སྤྱི་ལེ་1650བསྐྲུན་ནས་སྐྱེ་ལྡན་སྔོ་ཚལ་དང་། མཐོ་སྒང་གི་རྒྱ་སེ། ཀྲུང་ལུགས་སྨན་རྫས་སོགས་སྤུས་ལེགས་ཀྱི་སྐྱེ་ཁམས་ཞིང་ལས་ཐོན་རྫས་རྟེན་གཞི་མུའུ་7600ལྷག་འཕེལ་རྒྱས་གཏོང་བར་སྐུལ་ཁྲིད་བྱས་པ་དང་། གྲོང་གསེབ་ཀྱི་ལྗོངས་སྐོར་གཞུང་ལམ་སྤྱི་ལེ་75དང་ལྗོངས་གཟིགས་སྟེགས་བུ་16བསྐྲུན་ནས་མཐའ་འཁོར་གྱི་མཛེས་ལྗོངས་ཁུལ་12མགྱོགས་མྱུར་ངང་གསར་སྤེལ་བྱས་ལ།གྲོང་གསེབ་ཀྱི་མགྲོན་ཁང་དང་ཞིང་ཁྱིམ་སྤྲོ་གསེང་ཁང་25། དེ་མིན་ལྗོངས་སྐོར་སྣེ་ལེན་ཁྱིམ་ཚང་326བཅས་འཕེལ་རྒྱས་སུ་བཏང་བ་དང་། གྲོང་གསེབ་ཀྱི་གློག་རྡུལ་ཚོང་དོན་ཞབས་ཞུའི་ས་ཚིགས་89བསྐྲུན་ཡོད། གྲོང་གསེབ་ཀྱི་དངོས་ཟོག་མངག་སྐྱེལ་བྱ་དགའི་ཁ་གསབ་ལག་བསྟར་བྱས་ནས་ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་བསྐྱལ་བ་དང་། བཟོ་ལས་ཐོན་རྫས་གྲོང་གསེབ་ཏུ་བསྐྱལ་བར་སྐུལ་སྤེལ་བཏང་། བཙན་ལྷའི་ཀུ་ཤུ་དང་བེ་ཤ་སོགས་ཞིང་ལས་ཐོན་རྫས་གྲགས་ཅན་ཚོང་ར་དང་སྒོ་རྩིས་ཚོང་ཁང་དུ་འདྲེན་པར་སྐུལ་ཁྲིད་བྱས་སོ།།

རྩོམ་སྒྲིག་པ།  གཡུ་འཛོམས།