ཧྲང་ཧའེ་སློབ་ཆེན་གྱིས་རང་ཁུལ་དང་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་པ།

རྩོམ་པ་པོ།   དུས་ཚོད།   2020-10-16   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཟླ་10ཚེས་11ཉིན། སི་ཁྲོན་ཞིང་ཆེན་དཔེ་མཛོད་ཁང་གི《དོམ་ཁྲའི་བརྒྱ་ཐང་བམ་པོ》ཞེས་པའི་འགྲེམས་སྟོན་ཐེངས་དང་བོའི་མཛད་སྒོའི་སྟེང་། ཧྲང་ཧའེ་སློབ་ཆེན་དང་ཁུལ་མི་དམངས་སྲིད་གཞུང་བར་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་ཡོད། ཕྱོགས་གཉིས་པོས་ཚན་རྩལ་མཉམ་ལས་དང་། ལག་རྩལ་རྒྱབ་སྐྱོར། ཤེས་ལྡན་མི་སྣ་གསོ་སྐྱོང་དང་སྤེལ་རེས། གྲུབ་འབྲས་གཞན་སྒྱུར་བཅས་བྱེད་པར་བརྟེན་ནས། རིག་གནས་དང་ལྗོངས་སྐོར་ཐོན་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་།

           ཐེངས་འདིའི་མཉམ་ལས་དེ་ཐོན་ཁུངས་མཉམ་སྤྱོད་དང་། ལེགས་ཆ་གསབ་རེས། མཉམ་ལས་གཏིང་ཟབ། གཉིས་ཁེ་མཉམ་རྒྱལ། ཐུན་མོང་འཕེལ་རྒྱས་བཅས་ཀྱི་རྩ་དོན་གཞིར་བཟུང་། ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ཚན་རྩལ་གསར་གཏོད། རིག་གནས་ཞིབ་འཇུག ཕྱི་ཕྱོགས་དང་རིག་གནས་སྤེལ་རེས། རིག་གནས་ཁྱབ་སྤེལ་སོགས་ཀྱི་ཧྲང་ཧའེ་སློབ་ཆེན་གྱི་བཟང་ཆ་འདོན་སྤེལ་བྱས་ལ། རང་ཁུལ་གྱི་རིག་གནས་ཐོན་ཁུངས་དང་རིག་གནས་ལྗོངས་སྐོར་སོགས་ཀྱི་ལེགས་ཆ་འདོན་སྤེལ་དང་། ཕྱོགས་ཡོངས་དང་ཁྱབ་ཁོངས་མང་བོའི་མཉམ་ལས་རྣམ་པ་གྲུབ་པར་འབད་བརྩོན་བྱས་ནས་ཡུན་རིང་བརྟན་འཇགས་ཀྱི་མཉམ་ལས་འབྲེལ་བ་འཛུགས་རྒྱུའོ།།

རྩོམ་སྒྲིག་པ།  གཡུ་འཛོམས།