དབྱང་ཁེ་ཉིང་གིས་བཙན་ལྷ་དང་ཆུ་ཆེན་དུ་རྟོག་ཞིབ་གནང་བ།

རྩོམ་པ་པོ།   དུས་ཚོད།   2020-10-16   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།


            རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཟླ་10ཚེས་10ཉིན་ནས་ཚེས་11ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་བཙན་ལྷ་དང་ཆུ་ཆེན་དུ་ཕེབས་ནས་འགྲིམ་འགྲུལ་འཛུགས་སྐྲུན་དང་། ས་གཤིས་གནོད་འཚེ་བཅོས་སྐྱོང་། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་བཅས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་ནན་གྱིས་བསྟན་དོན། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་མཐའ་འཁྱོངས་བྱས་ནས། འཛུགས་སྐྲུན་ལ་གཅིག་གྱུར་འཆར་འགོད་དང་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་བཏང་སྟེ་འགྲོ་ལམ་འགྲིམ་འགྲུལ་འཛུགས་སྐྲུན་དང་ས་གཤིས་གནོད་འཚེ་ལས་གཡོལ་བའི་གནས་སྤོའི་རྣམ་གྲངས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པ་དང་། བླང་བྱ་སྔར་བས་ནན་པོ་དང་བྱེད་ཐབས་སྔར་བས་ཏན་ཏིག་སྤྱོད་པ། སྔོན་འགོག་ཚོད་འཛིན་བྱེད་ཐབས་ཞིབ་ཕྲ་དང་འཐུས་ཚང་དུ་གཏོང་བ་དང་ནགས་སྲུང་མེ་ཟོན་ལས་དོན་ཏན་ཏིག་ངང་ལེགས་པོ་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱིས་བདེ་སྡོད་ལས་བརྩོན་དང་རྣམ་གྲངས་འཛུགས་སྐྲུན་གྱི་གྲུབ་འབྲས་སྔ་ཙམ་ནས་ལོངས་སྤྱོད་ཐུབ་པ་བྱེད་དགོས།

རྩོམ་སྒྲིག་པ།  གཡུ་འཛོམས།