གསར་དུ་ནད་ངོ་བཟུང་བའི་ཏོག་གསར་ནད་པ་11བྱུང་ཡོད།

རྩོམ་པ་པོ།    ཚེ་རིང་ལྷ་མོས་བསྒྱུར་སྒྲིག་བྱས། དུས་ཚོད།   2020-10-16   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

འཕྲིན་གསར། 

ནད་ལ་བཏང་སྙོམས་བྱེད་པ་དུག་ཡིན་པས།།

ཅིས་ཀྱང་གཡེང་བར་མི་བྱ་མཉམ་རེ་ཞོག།

གསར་དུ་ནད་ངོ་བཟུང་བ་སོགས་ཀྱི་གནས་ཚུལ། 

          ཟླ་10ཚེས་14ཉིན་གྱི་དུས་ཚོད་0—24དབར་དུ། ཞིང་ཆེན་31(རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར།)དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་བཅས་ཀྱི་སྙན་ཞུ་ལས། གསར་དུ་ནད་པ་11ལ་ནད་ངོ་བཟུང་ཞིང་། དེ་ལས་ཕྱི་རྒྱལ་ནས་འོངས་པའི་ནད་པ་10དང་། (ཀོང་ཏུང་དུ་ནད་པ་4དང་། ཧྲང་ཧའེ་རུ་ནད་པ་3དང་། ཧྲན་ཞི་རུ་ནད་པ་2དང་། ཧོ་པེ་རུ་ནད་པ་1བཅས་སོ།།)རང་ཡུལ་གྱི་ནད་པ་1(ཧྲན་ཏུང་དུ་ནས་པ་1)ཡོད། ནད་པ་གསར་དུ་ཤི་བ་མེད་ལ། གསར་དུ་དོགས་ཡོད་ནད་པ་2ཡོད་ཅིང་། ཚང་མ་ཕྱི་རྒྱལ་ནས་འོངས་པའི་ནད་པ་ཡིན།

         ཉིན་དེར། གསར་དུ་སྨན་ཁང་ལས་བུད་པའི་ནད་པ་12ཡོད་པ་དང་། ནད་པར་འབྲེལ་འདྲིས་ཟབ་མོ་བྱུང་བའི་མི་865གསོ་རིག་ལྟ་དཔྱད་ལས་གྲོལ་བ།

 ཕྱི་རྒྱལ་ནས་འོངས་པའི་ནད་པའི་གནས་ཚུལ། 

          ད་ལྟ་ཕྱི་རྒྱལ་ནས་འོངས་པའི་ནད་ངོ་བཟུང་བའི་ནད་པ་227ཡོད་ལ། (ནད་པ་ཚབས་ཆེན་མེད།)ད་ཡོད་དོགས་ཡོད་ནད་པ་7ཡོད། ད་སྔར་ནད་ངོ་བཟུང་བའི་ནད་པ་3060ཡོད་པ་ལས། ནད་པ་2833སྨན་ཁང་ནས་བུད་ཡོད་པ་དང་། ད་སྔར་ནད་པ་གཅིག་ཀྱང་རྐྱེན་ལམ་དུ་ཤོར་མེད་དོ།།

རྒྱལ་ཡོངས་ཀྱི་ད་སྔའི་གནས་ཚུལ་རགས་བསྡུས། 

          ཟླ་10ཚེས་14ཉིན་གྱི་དུས་ཚོད་24དབར་དུ། ཞིང་ཆེན་31(རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར།)དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་བཅས་ཀྱི་སྙན་ཞུ་ལྟར་ན། ད་ལྟ་ནད་ངོ་བཟུང་བའི་ནད་པ་240(དེ་ལས་ནད་པ་ཚབས་ཆེན་4ཡོད།)ཡོད་པ་དང་། ད་སྔར་ནད་པ་80748སྨན་ཁང་ནས་བུད་ཡོད། ད་སྔར་ནད་པ་4634ཤི་བ་དང་། ད་སྔར་ནད་པ་85622ལ་ནད་ངོ་བཟུང་ཡོད། ད་ལྟ་དོགས་ཡོད་ནད་པ་7ཡོད་ལ། ད་སྔར་ནད་པར་འབྲེལ་འདྲིས་ཟབ་མོ་བྱུང་མཁན་843357རྗེས་བསྙེགས་ཡོད། ད་ལྟ་གསོ་རིག་ལྟ་དཔྱད་དང་ལེན་བྱེད་བཞིན་པའི་མི་8571ཡོད་དོ།།

ནད་རྟགས་མེད་པའི་ནད་པའི་གནས་ཚུལ། 

         ཞིང་ཆེན་31(རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར།)དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་བཅས་ཀྱི་སྙན་ཞུ་ལས། ནད་རྟགས་མེད་པའི་ནད་པ་གསར་བ་23ཡོད་ལ། ཚང་མ་ཕྱི་རྒྱལ་ནས་འོངས་པའི་ནད་པ་ཡིན། ཉིན་དེར་ནད་ངོ་བཟུང་བའི་ནད་པར་བཞག་པ་2ཡོད། ཉིན་དེར་མི་17ལ་གསོ་རིག་ལྟ་དཔྱད་གྲོལ་བ། ད་ལྟ་གསོ་རིག་ལྟ་དཔྱད་དང་ལེན་བྱེད་བཞིན་པའི་ནད་རྟགས་མེད་པའི་ནད་པ་385ཡོད་པ་ལས། ནད་པ་384ཕྱི་རྒྱལ་ནས་འོངས་པའོ།།

དམིགས་བསལ་སྲིད་འཛིན་ཁུལ་གྱི་གནས་ཚུལ།

           ད་སྔར་ཞང་ཀང་དང་། ཨའོ་མོན། ཐའེ་ཝན་ས་ཁུལ་བཅས་ནས་ནད་པ་5777ལ་ནད་ངོ་བཟུང་བའི་བརྡ་བསྒྲགས་འབྱོར་ཅིང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་པ་5201ལ་ནད་ངོ་བཟུང་ཡོད་དེ། དེ་ལས་ནད་པ་4932སྨན་ཁང་ནས་བུད་ཅིང་། ནད་པ་105ཤི་ཡོད། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་པ་46ལ་ནད་ངོ་བཟུང་ཡོད་དེ། ཚང་མ་སྨན་ཁང་ནས་བུད་ཡོད། ཐའེ་ཝན་དམིགས་བསལ་སྲིད་འཛིན་ཁུལ་དུ་ནད་པ་530ལ་ནད་ངོ་བཟུང་ཡོད་དེ། དེ་ལས་ནད་པ་491སྨན་ཁང་ནས་བུད་ཅིང་། ནད་པ་7ཤི་བ་བཅས་སོ།།

རྩོམ་སྒྲིག་པ།  ཚེ་པེ།