ཁ་བའི་འདབ་མས་དངུལ་དཀར་གྱི་འཇིག་རྟེན་བཞེངས།

རྩོམ་པ་པོ།   དུས་ཚོད།   2020-10-15   རྩོམ་ཁུངས།    མཛོད་དགེ་རྫོང་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་གཞུང་ཕྱོགས་འཕྲིན་ཕྲན།

           སྟོན་མཇུག་གི་སྐབས་སུ་མཛོད་དགེ་རྫོང་ལ་སྟོན་དུས་ཀྱི་ཁ་བ་ཐོག་མ་འབབ་མགོ་ཚུགས། ཁངས་ཆེན་འདིས་མཚོ་བོད་མཐོ་སྒང་གི་ཁོར་ཡུག་ཡོངས་རྫོགས་གངས་འཁྱགས་ཀྱི་འཇིག་རྟེན་གསར་བ་ཞིག་ཏུ་བཞེངས།

         ཟླ༡༠བའི་ཚེས༡༣ཉིན་གྱི་དགོང་མོའི་དུས་ཚོད༢༠ཡས་མས་སུ། མཛོད་དགེ་རྫོང་གི་གནམ་གཤིས་ཇེ་འཁྱགས་སུ་ཕྱིན་ནས་ཁ་བ་འབབ་མགོ་ཚུགས། དུས་ཚོད༩དང་སྐར་མ༤༡སྟེང་གྲོང་མཁར་ཡོངས་སུ་ཁ་བའི་འདབ་མས་གཡོགས་ཞིང་། ཚེས༡༤ཉིན་གྱི་དུས་ཚོད༦གི་བར་དུ་ཁ་བ་འབབ་མཚམས་ཆད་མེད།

          ཞོགས་པའི་ཉི་ཟེར་འོག་རྫོང་ཡོངས་ཀྱི་ཁོར་ཡུག་ནི་མིག་ལ་མཛེས་ཤིང་ལྟ་ན་སྡུག་པའི་འཇིག་རྟེན་གསར་བ་ཞིག་ཏུ་སྣང་།  སྡོད་ཁང་རེ་རེ་དང་སྲང་ལམ་རེ་རེ། རླངས་འཁོར་དང་སྡོང་ལོ་ཡོངས་སུ་དངུལ་དཀར་གྱི་ཁ་བའི་ལྭ་བ་གསར་བ་ཞིག་བཀླུབས་ཤིང་། ཨོ་ཉིན་རི་བོའི་ནགས་གསེང་གི་ཤྭ་བ་ཁྲ་རིས་དག་འུ་ཅོག་སྒྲོག་བཞིན་མཆོང་ལྡིང་གི་གར་ལ་རྩེན་བཞིན་ཡོད།



        འགྲོ་འོང་མི་སྣ་དག་གིས་དགུན་ལྭ་མཐུག་པོ་གྱོན་ཏེ་སེམས་ཆུང་ངང་ཁ་བས་གཡོགས་པས་སྲང་ལམ་དུ་བསྐྱོད་ཅིང་།སྒོ་མདུན་ཚོང་ཁང་དག་ཁང་བའི་མདུན་ལ་ཁ་བ་ཕྱགས་པར་བྲེལ།

         གནམ་གཤིས་བརྟག་དཔྱད་སྡེ་ཁག་གི་མཚམས་སྦྱོར་ལྟར་ན། ཐེངས་འདིའི་ཁ་ཆར་འདྲེས་མའི་གནམ་གཤིས་ནི་མཐོ་སྒང་གི་ས་ངོས་གྲང་རླུང་སོགས་ཀྱི་ཤུགས་རྐྱེན་འོག་བྱུང་བ་ཡིན་ལ། ཚེས༡༣ཉིན་གྱི་དུས་ཚོད༢༡དང་སྐར་མ༤༡ཐོག་ནས་ཚེས༡༤ཉིན་གྱི་དུས་ཚོད༦གི་ཐོག་བར་བབས་ཤིང་། རྫོང་མཁར་གྱི་འབབ་ཚད་ནི་ཧའོ་སྨི༡༡.༣ཡིན་ལ་ཁ་བའི་ཟབ་ཚད་ནི་ལི་སྨི༣ལ་ཐོན།

རྩོམ་སྒྲིག་པ།  གཡུ་འཛོམས།