གང་།

རྩོམ་པ་པོ།   ཚེ་འཛིན་བཟང་པོ། དུས་ཚོད།   2020-10-15   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

སླེ་ཡོན་དེ་རང་གང་དེར་འཚོ།

ཁྱོ་མང་དེ་རང་གང་དེར་མང་།

རང་གཞི་གང་དེ་དོར་གྱུར་ན།

རྒོད་ཐལ་གྱུར་པ་གང་ལ་མཚར།

གཞུང་དོན་གང་དེ་ཁྲོལ་མིན་ན།

གདགས་གཞིའི་གང་དེ་མཐོང་དུ་མེད།

རང་ཤེས་གང་དེ་གློད་གྱུར་པས།

སྤོམ་ཡོར་ཚུལ་ལ་གང་ཡང་སྨོད།

གང་གི་ཡུལ་ནས་གང་ནི་འདོད།

གང་གི་དུས་ནས་གང་གིས་བསྡམས།

གང་གི་མི་ལ་གང་གིས་ཉག།

གང་གི་སེམས་ནས་གང་ཡང་ཁྲམ།

རྩོམ་སྒྲིག་པ།  གཡུ་འཛོམས།