འབོ་ཏོག་ཤུ་ཀོ་ཁྲིམས་འཛིན་ཁང་གིས“བཅའ་ཁྲིམས་གྲོང་སྡེར་ཁྱབ་གདལ་གཏོང་བའི”ཁྲིམས་སྐྱོང་དྲིལ་སྒྲོག་བྱེད་སྒོ་སྤེལ།

རྩོམ་པ་པོ།   དུས་ཚོད།   2020-09-25   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ཏན་ཏིག་ངང་སྲུང་སྐྱོང་བྱས་ནས་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་སྔར་བས་མཐོ་རུ་གཏོང་ཆེད། མིག་སྔར། ལིས་རྫོང་འབོ་ཏོག་ཤུ་ཀོ་ཁྲིམས་འཛིན་ཁང་གིས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་གཉེན་སྒྲིག་གི་སྐོར་དང་། རྒན་པར་ཞབས་ཞུ། གང་བྱུང་དུ་འཛུགས་སྐྲུན་སོགས་ཀྱི་གནད་དོན་ལ་དམིགས་ཏེ་འབོ་ཏོག་ཤུ་ཀོ་སྲིད་གཞུང་དང་འབོ་ཏོག་ཤུ་ཀོ་མངག་གཏོང་ཁང་གིས་རབ་ཕོ་གྲོང་སྡེར“བཅའ་ཁྲིམས་གྲོང་སྡེར་ཁྱབ་གདལ་གཏོང་བའི”ཁྲིམས་སྐྱོང་དྲིལ་སྒྲོག་བྱེད་སྒོ་སྤེལ།

           བྱེད་སྒོའི་ཡུལ་དངོས་སུ་ཁྲིམས་འཛིན་ཁང་གི་ལས་དོན་མི་སྣས《དམངས་དོན་བཅའ་ཁྲིམས》ཀྱི་འབྲེལ་ཡོད་ཁྲིམས་སྲོལ་གསལ་འགྲེལ་བྱས་པར་མ་ཟད། 《བུད་མེད་ཀྱི་ཁེ་དབང་འགན་ལེན་བཅའ་ཁྲིམས》དང་། 《རྒན་པའི་ཁེ་དབང་འགན་ལེན་བཅའ་ཁྲིམས》《བཅའ་ཁྲིམས་རོགས་སྐྱོར་ཕྱོགས་སྟོན》《རོང་འབྲོག་ཁུལ་གྱི་རྒྱུན་མཐོང་གྱོད་དཔེ་50》《བཅའ་ཁྲིམས་ཤེས་བྱའི་དྲི་བ་དྲིས་ལན》སོགས་དྲིལ་སྒྲོག་དཔྱད་ཡིག་300ལྷག་སྤྲད་པ་དང་། མི་ཐེངས་500ལྷག་ལ་ཕན་ཐོགས་ཡོད།

རྩོམ་སྒྲིག་པ། གཡུ་འཛོམས།