རང་ཁུལ་གྱིས་གློག་ནུས་དབུལ་སྐྱོར་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་4.98བཏང་ཡོད།

རྩོམ་པ་པོ།   གསང་བདག་སྒྲོལ་མས་བསྒྱུར།དུས་ཚོད།   2020-09-22   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          དབུལ་ཕོངས་མང་ཚོགས་ཀྱིས་གློག་སྤྱོད་དཀའ་བའི་གནད་དོན་བསལ་ཆེད། ལྔ་འཆར་བཅུ་གསུམ་པའི་སྐབས་སུ་རང་ཁུལ་གྱིས་གློག་ནུས་དབུལ་སྐྱོར་རྣམ་གྲངས་215ལག་བསྟར་བྱས་ཤིང་། མ་དངུལ་སྒོར་དུང་ཕྱུར་4.98བཏང་སྟེ་ཆན་ཧྥུ་35དང་དེའི་མན་གྱི་གློག་སྒྱུར་ཤོང་ཚད་ཆན་ཧྥུ་ཨན་ཁྲི་3.6བསྐྲུན་པ་དང་། གློག་འདྲེན་སྐུད་ལམ་སྤྱི་ལེ་2156.1ཟིན་ཡོད་ལ། ཁྱིམ་ཚང་13268ལ་གློག་ཚད་ལྟ་ཆས་སྒྲིག་སྦྱོར་བྱས། གློག་ནུས་དབུལ་སྐྱོར་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད་རང་ཁུལ་གྱི་རྫོང(གྲོང་ཁྱེར)13གྱི་དབུལ་སྡེ་553དང་། དབུལ་ཁྱིམ་10177། མི་འབོར་39477གྱི་འཚོ་བའི་གློག་སྤྱོད་སྤུས་ཚད་སྔར་བས་ལེགས་སུ་སོང་ཡོད་དོ།།

རྩོམ་སྒྲིག་པ། གཡུ་འཛོམས།