གསེར་ནག་གི་ལང་ཚོ།།ཡིག་རིས་ཀྱི་སྒྱུ་རྩལ།།

རྩོམ་པ་པོ།   དུས་ཚོད།   2020-09-18   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         བྱམས་པ་རྡོ་རྗེའམ་ཆོས་གྲགས་ཚེ་རིང་ནི་སྤྱི་ལོ་1993 ལོར་དཀར་མཛེས་རྫོང་གི་རྫ་ཁོག་ཡུལ་ཚོའི་ཉག་གཞིས་ཚང་དུ་སྐྱེས་ཤིང་། ཆུང་དུས་ནས་བྲིས་ལ་མཁས་པའི་དགེ་རྒན་འགས་ཡིག་གཟུགས་ཀྱི་བག་ཆགས་ཟབ་མོ་བཞག།2015ལོ་ནས་བོད་ཀྱི་ཡིག་གཟུགས་ཆེད་སྦྱོང་གི་ལམ་དུ་ཞུགས་ཏེ་མདོ་དབུས་ཁམས་གསུམ་གྱི་ཡིག་གཟུགས་མཁས་ཆེན་མང་པོའི་མདུན་སར་ཆེད་བཅར་གྱིས་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་དྲི་མ་མེད་པར་བསླབས། དགེ་རྒན་ཁོང་རྣམ་པས་ཀྱང་དམིགས་བསལ་ལྟ་སྐྱོང་དང་བསྔགས་བརྗོད་གནང་བར་མ་ཟད། དཀར་མཛེས་ཁུལ་དུ་སྐབས་གཉིས་པའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཆེན་མོ་ལས་དབུ་ཅན་ལ་ཨང་དང་པོའི་བྱ་དགའ་ཐོབ།2018ལོར་དཀར་མཛེས་རྫོང་དུ་དཀར་མཛེས་བོད་ལུགས་གསེར་བྲིས་རིག་གནས་ཉམས་གསོ་ལྟེ་གནས་བཙུགས་ཤིང་། དེའང་གསེར་ཡིག་འབྲི་བཞེངས་བྱེད་པར་ཉེ་བར་མཁོ་བའི་བོད་ཤོག་ལས་སྣོན་བྱེད་སྟངས་དང་མཐའ་ཐིག་འདེབས་སྟངས། གསེར་དངུལ་འདུལ་སྦྱོང་བྱེད་སྟངས་བཅས་ཀྱི་ལག་རྩལ་ཡང་ཤེས། ཁོང་གི་ཡིག་གཟུགས་བརྩམས་ཆོས་རྣམས་ཁམས་པའི་དྲ་བ་དང། ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བ། རྒྱལ་ཡོངས་ས་ཆེན་དྲ་བ། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། སི་ཁྲོན་བརྙན་འཕྲིན། སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། སི་ཁྲོན་བོད་སྐད་རླུང་འཕྲིན། ཁམས་པའི་བརྙན་འཕྲིན་གྱི་བྱམས་པའི་ཁ་བརྡ་ལེ་ཚན། ཁམས་པའི་བརྙན་འཕྲིན་གྱི་བཀྲ་ཤིས་གཡང་ལོའི་ལོ་སར་དགོང་ཚོགས་ཀྱི་འཆར་ངོས། གངས་ལྗོངས་ཉི་གཞོན། མི་རིགས་དུས་དེབ། བོད་ཀྱི་ན་གཞོན་ཡིག་མཁན་དུས་དེབ། གངས་དཀར་རི་བོ་སོགས་སུ་བཀོད་ཡོད་དོ།།





རྩོམ་སྒྲིག་པ།  ཚེ་པེ།