སྐུ་བླ་རི་བོ་ནས་སྐབས་དང་བོའི་དོམ་ཁྲའི་ལམ་ཆེན་གྱི་རྐང་འཁོར་འགྲན་བསྡུར་སྤེལ།

རྩོམ་པ་པོ།   དུས་ཚོད།   2020-09-16   རྩོམ་ཁུངས།    རྔ་བའི་གསར་འགྱུ་དྲ་བ།

       

         རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  སྐུ་བླ་རི་བོའི་ཕུན་སུམ་ཚོགས་པའི་རི་ཁུལ་གྱི་ཕྱི་རོལ་ཐོན་ཁུངས་ཁྱབ་གདལ་གཏོང་ཆེད། ཉེ་ཆར། སྐུ་བླ་རི་བོའི་མཛེས་ལྗོངས་ཁུལ་དོ་དམ་ཅུས་སོགས་ཀྱིས་དོམ་ཁྲའི་ལམ་ཆེན་གྱི་རྐང་འཁོར་འགྲན་བསྡུར་སྐབས་དང་བོ་གཉེར་བ་དང་། དུས་ཡུན་ཉིན་གཉིས་རིང་གི་བྱེད་སྒོ་དེར་ཞིང་ཆེན་དང་གྲོང་ཁྱེར་21ནས་ཐོན་པའི་རྐང་འཁོར་ལུས་རྩལ་པ་350འགྲན་བསྡུར་ལ་ཞུགས་ཡོད།

        སྐུ་བླ་རི་བོའི་སྐབས་དང་བོའི་དོམ་ཁྲའི་ལམ་ཆེན་རྐང་འཁོར་འགྲན་བསྡུར་གྱི་འགྲན་ལམ་དེ་ཀྲུང་གོའི་དོམ་ཁྲའི་ལམ་ཆེན་གྱི་སྐུ་བླ་རི་བོའི་བར་དུམ་དེ་ཡིན་པ་དང་། ལམ་ཆེན་དེ་སྐུ་བླ་རི་བོའི་མཛེས་ལྗོངས་ཁུལ་དང་སྤེན་ལའི་མཛེས་ལྗོངས་ཁུལ་བརྒྱུད་ཡོད་ཅིང་། རིང་ཚད་ལ་ཁྱོན་སྤྱི་ལེ་52ཡོད་པ་དང་མཚོ་ངོས་ལས་མཐོ་ཚད་སྨི་3800ཟིན། འགྲན་བསྡུར་ལ་རྐང་འཁོར་གཞོན་ནུ་སྤྲིན་གསེབ་ཏུ་སྐྱོད་པ་ཞེས་པ་དང་ལུང་གྲུབ་མཚོར་མྱུལ་དཔྱད་བྱེད་ཅེས་པ་སྟེ་རིགས་གཉིས་སུ་ཕྱེས་ཡོད།

རྩོམ་སྒྲིག་པ།  ཚེ་པེ།