ཞིང་བའི་རྟོགས་དགོས་པའི་ཁྲིམས་ལུགས་ཤེས་བྱ།

རྩོམ་པ་པོ།   དུས་ཚོད།   2020-09-16   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          གཅིག ངལ་རྩོལ་གན་རྒྱ་འཇོག་དགོས་ཤིང་། ཚོད་ལྟའི་ཡུན་ཚད་ཀྱང་ངལ་རྩོལ་གན་རྒྱའི་དུས་ཡུན་ནང་ཚུད་དགོས།

         ངལ་རྩོལ་གན་རྒྱ་ལ་གཤམ་གསལ་གྱི་དོན་གནད་ཚང་དགོས་པ་སྟེ།

       (1)མི་བཀོལ་མཁན་སྡེ་ཚན་གྱི་མིང་དང་། སྡོད་གནས། ཁྲིམས་བཅད་འཐུས་མིའམ་འགན་ཁུར་གཙོ་བོ།

       (2)ངལ་རྩོལ་བའི་རུས་མིང་དང་། སྡོད་གནས། ཡུལ་མིའི་མིང་བབ་ལག་ཁྱེར་རམ་ཡང་ན་གོ་ཆོད་ཡོད་པའི་མིང་བབ་ལག་ཁྱེར་གཞན་དག་གི་ཨང་གྲངས།

       (3)ངལ་རྩོལ་གན་རྒྱའི་ཡུན་ཚད།

       (4)ལས་ཀའི་ནང་དོན་དང་ལས་གནས་ས་ཆ།

       (5)ལས་ཀའི་དུས་ཚོད་དང་ངལ་གསོ་འཁོར་ཞག

       (6)ངལ་རྩོལ་གྱི་ཐོབ་ཆ།

       (7)སྤྱི་ཚོགས་འགན་བཅོལ།

       (8)ངལ་རྩོལ་སྲུང་སྐྱོབ་དང་། ངལ་རྩོལ་ཆ་རྐྱེན། ལས་རིགས་ཉེན་ཟོན།

       (9)བཅའ་ཁྲིམས་དང་ཁྲིམས་རྒྱུན་གྱིས་གཏན་དུ་ཕབ་པའི་ངལ་རྩོལ་གན་རྒྱའི་ནང་དུ་ཚུད་དགོས་ངེས་ཀྱི་དོན་དག་གཞན་དག་བཅས་ཡིན། གོང་དུ་གཏན་འཁེལ་བྱས་པའི་ངལ་རྩོལ་གན་རྒྱའི་དགོས་ངེས་ཀྱི་དོན་ཚན་ཕུད། མི་བཀོལ་མཁན་སྡེ་ཚན་དང་ངལ་རྩོལ་བའི་བར་དུ་ཚོད་ལྟའི་དུས་ཚོད་དང་། སྦྱོང་བརྡར། གསང་རྒྱ་སྲུང་ལུགས། འགན་བཅོལ་ཁ་གསབ། ཕན་བདེའི་ཐོབ་ཆ་སོགས་ཀྱི་དོན་དག་རྣམས་ཁ་དན་བྱེད་ཆོག

       མི་བཀོལ་མཁན་སྡེ་ཚན་གྱིས་ཞིང་བའི་བཀོལ་ཉིན་ནས་བརྩིས་པའི་ཟླ་བ་གཅིག་ཡན་ནས་ལོ་གཅིག་མན་གྱི་རིང་ངལ་རྩོལ་བ་དང་ཡིག་ཐོག་གི་ངལ་རྩོལ་གན་རྒྱ་མ་བཞག་རིགས། ངལ་རྩོལ་བར་ཟླ་བ་རེ་རེར་གླ་ཕོགས་ལྡབ་གཉིས་རེ་སྤྲོད་དགོས། མི་བཀོལ་མཁན་སྡེ་ཚན་གྱིས་བཅའ་ཁྲིམས་འདིའི་གཏན་འབེབས་ལས་འགལ་ཏེ་ཡིག་ཐོག་ནས་དུས་ཡུན་ངེས་གཏན་ཡིན་པའི་ངལ་རྩོལ་གན་རྒྱ་མ་བཞག་རིགས། ངལ་རྩོལ་བ་ལ་དུས་ཡུན་ངེས་གཏན་ཡིན་པའི་ངལ་རྩོལ་གན་རྒྱ་འཇོག་འོས་པའི་ཉིན་མོ་ནས་བརྩིས་ཏེ་ཟླ་བ་རེར་ལྡབ་གཉིས་ཀྱི་གི་གླ་ཕོགས་སྤྲོད་དགོས།

      གཉིས། གྲོང་གསེབ་ཨར་པོའི་ལག་ནས་འགྱུར་རྟེན་དང་འབའ་དངུལ་ལེན་མི་ཆོག་ལ་ཡུལ་མིའི་མིང་བབ་ལག་ཁྱེར་ཡང་བཙན་ཉར་བྱེད་མི་རུང་།

རྩོམ་སྒྲིག་པ།  ཚེ་པེ།