སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་ལ་ཤུགས་བསྣན་ནས་གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུ།

ཟུང་ཆུ་རྫོང་ཨུའི་ཧྲུའུ་ཅི་ཧོ་སུང་ལ་བཅར་འདྲི་བྱས་པ།

རྩོམ་པ་པོ།   དུས་ཚོད།   2020-09-16   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

         རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་བྲལ་གནད་སྒྲོལ་གྱི་དམག་འཐབ་རྒྱག་པའི་འགག་རྩའི་དུས་མཚམས་ཤིག་དང་། རྒྱུན་རྣམ་ཅན་གྱི་རིམས་འགོག་ཚོད་འཛིན་ཁྲོད་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམིགས་བསལ་རྒྱབ་ལྗོངས་འོག་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་བླང་བྱར་གཞིགས་ནས་ཟུང་ཆུ་རྫོང་གིས་ཟུང་འབྲེལ་བྱེད་ས་འཕྱུགས་མེད་བཙལ་ཏེ་ས་གནས་ཀྱི་འཕེལ་རྒྱས་ཀྱི་འཆར་གཞི་གདིང་བའི་སྐོར་ལ། ཉེ་སྔོན། གསར་འགོད་པས་ཟུང་ཆུ་རྫོང་ཨུའི་ཧྲུའུ་ཅི་ཧོ་སུང་ལ་བཅར་འདྲི་བྱས་པ་ཡིན།

ཧོ་སུང་གིས་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། ལྔ་འཆར་བཅུ་གསུམ་པ་མཇུག་བསྡུ་བ་དང་ལྔ་འཆར་བཅུ་བཞི་བ་ཇུས་འགོད་ཀྱི་འགག་རྩའི་དུས་མཚམས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་རེད། ཟུང་ཆུ་རྫོང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལེགས་པོ་དང་ལག་བསྟར་དོན་འཁྱོལ་ལེགས་པོ་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཏུ་བརྩིས་ནས། སློབ་སྦྱོང་བསམ་གཞིགས་དང་ལག་བསྟར། ནན་འཛིན་དངོས་བསྒྲུབ་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་དང་གཏོང་བཞིན་ཡོད། འགོ་ཁྲིད་ལས་བྱེད་པའི་མིག་དཔེ་དང་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱས་ཏེ་སློབ་སྦྱོང་དང་། བསམ་གཞིགས། བཀོལ་སྤྱོད་བཅས་གཅིག་གྱུར་ཡོང་བ་བྱེད་རྒྱུ། ཏང་ཡོན་ལས་བྱེད་པས་སྣེ་ཁྲིད་དེ་ལག་ལེན་དུ་བསྟར་བ། གོ་བ་གཏིང་ཟབ་ལེན་པ་དང་མཐའ་གསལ་མཐིལ་རྟོགས་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་བསམ་ཕྱོགས་དང་བྱེད་ཐབས་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་དངོས་སྒྲུབ་བྱ་སྤྱོད་དུ་འགྱུར་བར་བྱེད་རྒྱུ། ང་ཚོས་གཞི་རྟེན་གསར་གཏོད་ཐད་བྱ་ཐབས་དངོས་བཏོན་ནས་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་རྒྱུ། ང་ཚོས་ལག་ལེན་ཏན་ཏིག་བྱེད་པའི་ཐད་ཕན་འབྲས་ཐོན་པ་དང་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཞེས་བཤད།

         ཡང་ཧོ་སུང་གིས་ཟུང་ཆུ་ནི་རྨིན་ཅང་གཙང་བོ་དང་ཧྥུ་ཅང་གཙང་བོའི་ཆུ་འགོ་དང་རྨ་འབྲིའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་རྒྱལ་ཁབ་ཀྱི་ཆུ་ཁུངས་གཙོ་བོ་གསོ་སྐྱོང་ཁུལ་དང་། སྐྱེ་དངོས་སྣ་མང་རང་བཞིན་གྱི་འདུས་ཁུལ། སྐྱེ་ཁམས་ཉམས་ཞན་ཁུལ་བཅས་ཡིན་པའི་ཆ་ནས། སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་དམ་འཛིན་ལེགས་པོ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ང་ཚོའི་འགན་འཁྲི་དང་ལས་འགན་རེད། ཟུང་ཆུ་རྫོང་གིས་འབྱུང་རྩའི་འདུ་ཤེས་འཛིན་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། འབྱུང་རྩའི་འགན་འཁྲི་འཁུར་བ། འབྱུང་རྩའི་སྤྱོད་སྟངས་མངོན་པར་བཅས་བྱས་ནས། དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་མཁན་གྱི་རྣམ་འགྱུར་ཐོག་ནས་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་འཛུགས་སྐྲུན་གྱི་གསོན་ཉམས་ལྡན་པའི་ལག་ལེན་ནང་ཧུར་ཐག་གིས་ཞུགས་རྒྱུ་ཡིན་ཏེ། གཅིག་ནི་གཙོ་གནད་སྲུང་སྐྱོང་གི་བླང་བྱ་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱེད་རྒྱུ། གཉིས་ནི་བཅོས་སྐྱོང་བྱ་རྒྱུའི་བཀོད་སྒྲིག་གལ་ཆེན་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་རྒྱུ། གསུམ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཡིན། ཞེས་བཤད།

        ཧོ་སུང་གིས་ཟུང་ཆུ་རྫོང་གིས་ལོ་རེའི་ཟླ་9བ་མང་ཚོགས་ཀྱི་ལས་དོན་ཟླ་བར་གཏན་འཁེལ་བྱས་ནས། ཉིན་20ཡི་རིང་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་ངལ་རྩོལ་བྱ་རྒྱུ་ཡིན་ཏེ། གཅིག་ནི་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ། གཉིས་ནི་མང་ཚོགས་ལ་ཞབས་འདེགས་ཞུ་བ། གསུམ་ནི་མང་ཚོགས་ལ་སློབ་གསོ་དང་ཁྲིད་སྟོན་བྱེད་རྒྱུ་ཡིན་ཞེས་བཤད།།

རྩོམ་སྒྲིག་པ།  ཚེ་པེ།