རྔ་བ་རྫོང་གཅའ་རོ་གྲོང་རྡལ་དུ་གསོ་རྩྭའི་ཐོན་ལས་དར།

རྩོམ་པ་པོ།   དུས་ཚོད།   2020-09-16   རྩོམ་ཁུངས།    རྔ་བའི་གསར་འགྱུ་དྲ་བ།

     

        རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  མིག་སྔར། རྔ་བ་རྫོང་གཅའ་རོ་གྲོང་རྡལ་ཧུ་ར་མའི་སྤུས་ལེགས་གསོ་རྩྭ་འདེབས་འཛུགས་རྟེན་གཞིའི་མུའུ་6000གི་གསོ་རྩྭ་འབྲེག་པའི་དུས་སུ་སླེབས་ཤིང་། རྩྭ་འབྲེག་འཕྲུལ་འཁོར་དང་། རྩྭ་གསོག་འཕྲུལ་འཁོར། རྩྭ་བསྡམ་འཕྲུལ་འཁོར་སོགས་འཕྲུལ་ཆས་ཆེ་གྲས་ཀྱིས་རེས་བསྐོར་ནས་ལས་ཀ་བྱེད་ཀྱི་ཡོད། སྔོན་དཔག་ལྟར་ན་ཟླ་བ་གཉིས་ཡས་མས་རིང་འབྲེག་ཚར་རྒྱུ་རེད།

        2017ལོར། རྟེན་གཞི་དེའི་འདེབས་འཛུགས་རྒྱ་ཁྱོན་དེ་ཐོག་མའི་ཧུ་ར་མ་གྲོང་སྡེ་ནས་ལུང་སྐམ་གྲོང་སྡེ་དང་ཚོ་འདུ་གྲོང་སྡེར་རྒྱ་བསྐྱེད་ཡོད། རྟེན་གཞིའི་གསོ་རྩྭའི་ཐོན་ཚད་བརྟན་ལ། མུའུ་རེའི་ཐོན་ཚད་རྒྱ་མ་600ནས་1000ཙམ་ཡོད་པར་མ་ཟད། ལོ་ལྟར་མུའུ་རེའི་ཐོན་ཚད་ཏུན་20ནས་30ཙམ་ས་གནས་ཀྱི་འབྲོག་ཁྱིམ་ལ་སྤྲོད་ཀྱིན་ཡོད་པ་ལས་གཞན། གསོ་རྩྭ་ཚང་མ་རྫོང་ཡོངས་ཀྱི་འཕྲལ་སྡོམ་གསོ་རྩྭར་ཉོ་སྒྲུབ་བྱས་པ་རེད།

       མིག་སྔར་ཧུ་ར་མ་གྲོང་སྡེ་དང་། ལུང་སྐམ་གྲོང་སྡེ། ཚོ་འདུ་གྲོང་སྡེ་བཅས་ཀྱི་དུད་ཚང་741དང་གྲོང་མི་3828ཚང་མར་གསོ་རྩྭ་དང་ཁེ་སྤོགས་བགོ་བཤའི་དངུལ་རག་གི་ཡོད། ཁེ་སྤོགས་བགོ་བཤའ་བརྒྱབ་པ་བརྒྱུད་གྲོང་མིའི་ཡོང་འབབ་མང་དུ་ཕྱིན་པ་དང་ཆབས་ཅིག་གྲོང་སྡེའི་མཉམ་ལས་དཔལ་འབྱོར་ཡང་སྟོབས་ཆེར་ཕྱིན།


རྩོམ་སྒྲིག་པ།  ཚེ་པེ།