ལིའུ་ཕིང་གིས་ཁུལ་ཨུའི་ལྟེ་བའི་ཚན་ཆུང་གི་སློབ་སྦྱོང་ཚོགས་འདུར་གསུང་བཤད་གནང་།

རྩོམ་པ་པོ།   དུས་ཚོད།   2020-09-16   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          རྔ་བའི་གསར་འགྱུར་དྲ་བའི་འཕྲིན།  ཁུལ་ཨུའི་ལྟེ་བའི་ཚན་ཆུང་གིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ཏེ། 《ཀྲུང་གོ་གུང་ཁྲན་ཏང་གི་གཞི་རིམ་རྩ་འཛུགས་ཀྱི་འདེམས་བསྐོའི་ལས་དོན་སྲོལ་ཡིག》གཅིག་བསྡུས་ཀྱིས་སློབ་སྦྱོང་བྱས། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་གིས་ཚོགས་འདུའི་གཙོ་འགན་བཞེས་པ་དང་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་སྒྲིག་ཡིག་རྩ་བའི་བརྩི་སྲུང་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། གསུམ་པ། བཞི་བ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཐོག་མཐའ་བར་གསུམ་དུ་གཞི་རིམ་དམ་འཛིན་ཤུགས་ཆེན་བྱེད་པའི་ཁྲིད་ཕྱོགས་ཁ་གསལ་རྒྱུན་འཁྱོངས་དང་། སྲོལ་ཡིག་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གོ་སྐབས་དང་བསྟུན་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་འདེམས་བསྐོ་ཚད་ལྡན་ཅན་དང་། ལམ་ལུགས་ཅན། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་དགོས། ཁུལ་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་ཐུབ་པར་སྐུལ་འདེད་ཧུར་ཐག་བཏང་ནས། ཁུལ་ཡོངས་ཀྱི་གཞི་རིམ་རྩ་འཛུགས་ལས་དོན་གྱི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་བཏོད་དེ་ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཁེ་ཉིང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཝེ་གོ་དང་ཝུའུ་ལི་ཡན་སློབ་སྦྱོང་ལ་ཞུགས།

        ལིའུ་ཕིང་གིས་བསྟན་དོན། ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་དང་། ཏང་ཡོན་གྱི་དམངས་གཙོའི་ཁེ་དབང་ལ་བརྩི་འཇོག་དང་འགན་ལེན། གཞི་རིམ་ཏང་རྩ་འཛུགས་ཀྱི་འདེམས་བསྐོ་ཚད་ལྡན་ཅན་དུ་གཏོང་བ་བཅས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ལ། ཏང་གིས་ཡུན་རིང་སྲིད་སྐྱོང་བའི་རྩ་འཛུགས་ཀྱི་རྨང་གཞི་མུ་མཐུད་དུ་སྲ་བརྟན་གཏོང་དགོས།

ལིའུ་ཕིང་གིས་ནན་གྱིས་བསྟན་དོན། སྲོལ་ཡིག་གི་ནང་དོན་གཙོ་བོ་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས་པ་སྟེ། འཐུས་མི་བདམས་ཐོན་བྱུང་བ་དང་། ཨུ་ཡོན་ལྷན་ཁང་བདམས་ཐོན་བྱུང་བ། འདེམས་བསྐོ་ལག་བསྟར་བྱེད་པ། ཞིབ་མཆན་འགོད་པར་སྙན་འབུལ་ཞུ་བ། སྒྲིག་ཁྲིམས་དང་ལྟ་སྐུལ་སོགས་ཀྱི་ཐད་སྲོལ་ཡིག་གི་ནང་དོན་ལ་དངོས་གནས་གོ་བ་ལེན་དགོས། སྲོལ་ཡིག་དེ་ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་གཞི་རིམ་གྱི་ཞིབ་ཕྲའི་བཀོལ་སྤྱོད་བརྒྱུད་རིམ་དང་སྒྲིག་འཛུགས་ལག་བསྟར་ཞིབ་སྲོལ་ཁ་གསལ་བཟོ་དགོས། སྲོལ་ཡིག་དེ་གཞི་རིམ་གྱི་འདེམས་བསྐོའི་གཞི་རྩའི་གཞི་འཛིན་སར་བརྩིས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་འདེམས་རྒྱུར་དོགས་ཟོན་ནན་པོ་བྱེད་དགོས། ཆབ་སྲིད་ཀྱི་འགག་སྒོ་དམ་འཛིན་བྱས་ནས། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་བྱ་རྒྱུ་དེ་ཚད་གཞི་ཨང་དང་པོར་བརྩི་བ་དང་། ཏང་ལ་བློ་དཀར་སེམས་དཀར་བྱ་རྒྱུ་དེ་བླང་བྱ་ཨང་དང་པོར་བརྩིས་ནས་ཏང་སྲིད་ཀྱི་འགན་ཁུར་བ་གཙོ་བོའི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས་ལ། འདེམས་བསྐོའི་སྲོལ་བཟང་སྤྱོད་བཟང་དང་དུས་བདེ་ཞི་འཇགས་ཡོང་བའི་འགན་ལེན་ཏན་ཏིག་བྱ་དགོས།

ཁུལ་ཨུའི་ལྟེ་བའི་ཚན་ཆུང་གི་ཁོངས་མི་སློབ་སྦྱོང་ལ་ཞུགས་ཡོད།

རྩོམ་སྒྲིག་པ།  ཚེ་པེ།