ལིའུ་ཕིང་གིས་ཁུལ་ཡོངས་ཀྱི་ཞབས་ཞུ་ལས་རིགས་འཕེལ་རྒྱས་ཀྱི་ཚོགས་འདུར་གསུང་བཤད་གནང་།

རྩོམ་པ་པོ།   དུས་ཚོད།   2020-09-16   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

          རྔ་བའི་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར།  ཁུལ་ཡོངས་ཀྱི་ཞབས་ཞུ་ལས་རིགས་འཕེལ་རྒྱས་ཀྱི་ཚོགས་འདུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་ཚོགས་འདུར་ཕེབས་ཤིང་གསུང་བཤད་གནང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་འཛིན་པ་བློ་བརྟན་འགྱུར་མེད་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་བའི་སྐོར་གྱི་གསུང་བཤད་གལ་ཆེན་ལ་གཏིང་ཟབ་མོར་སློབ་སྦྱོང་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཞབས་ཞུ་ལས་རིགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་ཇུས་ཆོད་དང་བཀོད་སྒྲིག་བཅས་ཀུན་ནས་དོན་འཁྱོལ་བྱེད་པ། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དང་། ཞིང་ཆེན་ཡོངས་ཀྱི་དངུལ་གཏོང་སྐུལ་འདེད་ཚོགས་འདུ། ཞིང་ཆེན་ཡོངས་ཀྱི་ཞབས་ཞུ་ལས་རིགས་འཕེལ་རྒྱས་ཀྱི་ཚོགས་འདུ། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་བ་བཅས་ཀྱི་ལས་འགན་དང་བླང་བྱ་ཀུན་ནས་དོན་འཁྱོལ་བྱེད་པ། ཁུལ་ཡོངས་ཀྱི་ཞབས་ཞུ་ལས་རིགས་འཕེལ་རྒྱས་ལ་འཕྲད་པའི་གོ་སྐབས་དང་འགྲན་རྩོད་གཏིང་ཟབ་མོར་དབྱེ་ཞིབ་བྱས་ཏེ། ཞབས་ཞུ་ལས་རིགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་འགྲོ་པར་སྐུལ་འདེད་གཏོང་བ། རང་ཁུལ་གྱི་དཔལ་འབྱོར་སྟོབས་ཤུགས་ཇེ་དྲག་ཏུ་བཏང་སྟེ། ཁུལ་གཅིག་གླིང་གཉིས་ཁྱིམ་གཞིས་གསུམ་འཛུགས་སྐྲུན་ལ་ནུས་ཤུགས་གསར་བ་དབུལ་དགོས་ཞེས་གསུངས།

རྩོམ་སྒྲིག་པ།  ཚེ་པེ།