འཛམ་ཐང་གི་བུ་བུ་མོས་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད།

རྩོམ་པ་པོ།   དུས་ཚོད།   2020-09-16   རྩོམ་ཁུངས།    རྔ་བའི་གསར་འགྱུར་དྲ་བ།

           དབུལ་སྒྲོལ་ལམ་བུར།

           འཛམ་ཐང་གི་བུ་བུ་མོས་ལག་གདང་སྦྲེལ་ནས་མདུན་དུ་བསྐྱོད།

           རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱེད་པའི། ལོ་རྒྱུས་ཀྱི་ལས་འགན་ལྕི་མོ་འཁུར་བའི་ཆོད་སེམས་བརྟན་པོ་དང་འགན་འཁྲི་མངོན་པར་ངོམས།

           འཛམ་ཐང་།

           ལས་དོན་ཡོད་ཚད་དབུལ་བྲལ་གནད་སྒྲོལ་གྱི་ཆེད་དུ་བྱས་ཞིང་། ཐོན་ཁུངས་ཡོད་ཚད་དབུལ་སྒྲོལ་གནད་སྒྲོལ་གྱི་ཆེད་དུ་བཀོལ། སྟོབས་ཤུགས་ཡོད་ཚད་དབུལ་སྒྲོལ་གནད་སྒྲོལ་གྱི་ཆེད་དུ་ཕུལ། ད་ལྟ། དབུལ་བྲལ་གནད་སྒྲོལ་གྱི་གསོན་ཉམས་དོད་པའི་རི་མོ་རེ་རེ་རྣམ་པར་གསལ་ཞིང་། དབུལ་བྲལ་དུ་བསྐྱོད་པའི་དུས་རབས་ཀྱི་རྔམ་བརྗིད་ལྡན་པའི་གླུ་དབྱངས་ལྷང་ལྷང་དུ་གྲགས།

         ལམ་ཆེན་ལམ་ཆུང་བསྐྲུན་པས།། གྲོང་གསེབ་མཛེས་པར་གྱུར་ཡོད།། ལྟོ་འགྲངས་རྒྱབ་དྲོ་བྱུང་བ།། སྡོད་ཁང་གསར་བས་བཤད་ཡོད།། བྱིས་པ་སློབ་གྲྭར་འགྲོ་དུས།། ཨ་ཕའི་དངུལ་ཁུག་སྤགས་ཡོད། ཕྱོགས་ཡོངས་འབྱོར་འབྲིང་སྤྱི་ཚོགས།། སྐྲུན་པའི་བརྗིད་ཆེའི་དམིགས་ཚད།། འཛམ་ཐང་ས་གཞི་ཆེ་མོར།། རྔ་སྒྲ་བཞིན་དུ་གྲགས་ཡོད།།

       དམངས་འཚོའི་བརྩེ་སེམས་ཀྱི་འབྲེལ་ཡོད་སྲིད་ཇུས་དང་ཇུས་གཞི་རེ་རེ་བཞིན་ལག་བསྟར་བྱས། དབུལ་བོའི་མི་འབོར་རྒྱུན་ཆད་མེད་པར་ཉུང་དུ་ཕྱིན་པ་དང་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་བརྟན་པོ་བྱུང་ནས་དབུལ་བྲལ་གྱི་རྣམ་པ་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཡོད།

        ཕྱི་ལ་བསྐྱོད་སྐབས“གནམ་དྭངས་དུས་རྡུལ་གྱིས་ཁེངས་པ་དང་ཆར་འབབ་དུས་འདམ་གྱིས་ཁེངས་པར་སེམས་ཁྲལ་མི་དགོས། 

          སྒོ་འགྲམ་གྱི་ཆུ་སྒོ་ཕྱེ་མ་ཐག་ཆུ་དྭངས་མོ་ཡིན་པས་དང་འཐུང་ཆུའི་བདེ་འཇགས་ལ་འགན་ལེན་བྱུང་ཡོད།

          སྨན་པར་བསྟེན་ན་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུ་བྱེད་པ་དང་། བྱིས་པ་སློབ་གྲྭར་བསྐྱོད་པར་བབ་མཚུངས་ཀྱི་ཁ་གསབ་ཡོད།

        ལོ་མཇུག་གི་ཡོང་འབབ་རྩིས་རྒྱག་སྐབས་དེ་བས་ལོ་གཅིག་ལས་ཡག་པོ་ཡོད། 

       འབྲོག་ཁྱིམ་སྤྲོ་སྐྱིད་གླིང་གའི་ནང་དུ་ཡུལ་སྐོར་བ་མང་ལ། སྔོ་ཚལ་རྟེན་གཞིའི་ཆུ་ཀྭབ་དང་ཤིང་ཏོག་གི་དྲི་ཞིམ། སྔ་རྗེས་སུ་འཛམ་ཐང་རྫོང་དུ་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་པས། གྲོང་ཚོ་ཚང་མར་ཐོན་ལས་ཡོད་པ་དང་། ཁྱིམ་ཚང་ཚང་མར་འབབ་འཕར་ཡོང་བ། མི་ཚང་མས་ཁེ་སྤོགས་བགོ་བཤའ་རྒྱག་ཆོག་པ་བཅས་མངོན་འགྱུར་བྱུང་ཡོད།

       འཛམ་ཐང་།

        དབུལ་ཞྭ་ཕུད་པ་ནི་ཅི་ཞིག་གི་མཇུག་མཐའ་མིན་པར་འཚོ་བ་གསར་པ་དང་འབད་འཐབ་གསར་པ་བྱེད་པའི་མགོ་ཡིན། ལོ་ངོ་སྟོང་གི་དབུལ་ཞྭ་ཕུད་ཟིན་མོད། འོན་ཀྱང་དེའི་ཐད་འབད་བརྩོན་བྱེད་མཚམས་འཇོག་མི་རུང་། འཕེལ་རྒྱས་ཀྱི་སྤུས་ཚད་དེ་བས་ལེགས་པ་དང་བདེ་སྐྱིད་ཀྱི་དྲོད་ཚད་དེ་བས་མཐོ་བ་ཡོང་བ་བྱེད་དགོས། 

        སྟོབས་ཤུགས་ཡོད་རྒུས་འབྱོར་ཕྱུག་ཤེས་དཔལ་དང་ཞི་མཐུན་གྱི་འཛམ་ཐང་གསར་བ་བསྐྲུན་ནས་ང་ཚོས་རེས་སྐོར་གསར་པའི་དར་རྒྱས་ཀྱི་དམག་འཐབ་བྱེད་མགོ་འཛུགས།

       ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྗེས་མཐུད་རོགས་སྐྱོར་བྱེད་སྟངས་བརྒྱུད། དུད་ཚང་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ལུས་པར་དབུལ་སྒྲོལ་གནད་སྒྲོལ་གྱི་སྤུས་ཚད་མཐོ་བའི་མཇུག་བསྡུ་ཐུབ་པ་བྱེད།

རྩོམ་སྒྲིག་པ།  ཚེ་པེ།